བོད་ལྗོངས་ཀྱི་སྡེ་ཁུལ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“འཐབ་ས་དང་པོ”བརྟན་སྲུང་བྱེད་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-19


འདི་ནི་བར་སྐོར་སྡེ་ཁུལ་གྱི་ཏང་ཡོན་གྱིས་གྲོང་མིར་ཚ་བ་ལྟ་བཞིན་པ། 
         བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བར་སྐོར་ལ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན། ད་ཆ་བར་སྐོར་སྡེ་ཁུལ་གྲོང་ལྷན་གྱི་ཏང་ཡོན་ལས་བྱེད་པ་དང་། ལས་དོན་མི་སྣ། མི་དམངས་ཉེན་རྟོག་པ། སྨན་པ་སོགས་འཐབ་ས་དང་པོའི་ལས་དོན་མི་སྣས་དུས་དང་རྣམ་པ་ཀུན་ཏུ་སྡེ་ཁུལ་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད། ཁོང་ཚོས་དཀའ་སྤྱད་དང་འགན་འཁྲི་ཕྲག་ཏུ་ཁུར་ཏེ་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་དང་པོར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད་པ་རེད།
         སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཞིབ་ཅིང་ཕྲ་བ་སྤེལ་ཆེད། བར་སྐོར་སྡེ་ཁུལ་གྲོང་ལྷན་གྱི་ཏང་ཡོན་34དང་ལས་དོན་མི་སྣ་9ཡིས“གྲལ་བཤེར་གསུམ་དང་། ཞིབ་བཤེར་གཅིག འགན་ལེན་གཉིས”བཅས་ཀྱི་ལས་ཀའི་བཀོད་སྒྲིག་ལ་གཞིགས་ནས། ལས་མི་ཡོངས་ཉིན་མཚན་དབྱེར་མེད་ངང་ལས་གནས་ཐོག་སྡོད་པ་དང་། ཚོགས་ཆུང་3ལ་བགོས་ནས་ཉིན་ལྟར་སྔ་དྲོའི་ཆུ་ཚོད་8པ་ནས་བཟུང་ཁོངས་གཏོགས་ཁུལ་གྱི་འཕྲོད་བསྟེན་དང་བདེ་འཇགས་སོགས་ལ་སྐོར་གཡེང་དང་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1