ཆ་རྐྱེན་འདི་3འཛོམས་ན་སློབ་གྲྭ་འཚོག་ཆོག

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-11



    རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་དག་བདེ་འཇགས་དང་གོ་རིམ་ཡོད་པའི་སྒོ་ནས་ཚོགས་པའི་ཐད་སློབ་གསོ་པུའུ་ལ་བྱེད་ཐབས་ཅི་ཞིག་ཡོད་དམ།
    སྤྱི་ཟླ་3ཚེས་4ཉིན། སློབ་གསོ་པུའུ་ཡི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་ཏེང་ཧྥིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་སློབ་གྲྭ་ཚོགས་པའི་དུས་ཚོད་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་བྱ་དགོས་ཤིང་། ཆ་རྐྱེན་གསུམ་འཛོམས་ཚེ་སློབ་གྲྭ་ཚོགས་ཆོག་ཅེས་བསྟན།
    ཝང་ཏེང་ཧྥུན་གྱིས་བསྟན་དོན།ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བརྡ་སྦྱོར་ལ་གཞིགས་ན།རྩ་དོན་གྱི་ངོས་ནས་སློབ་གྲྭ་ཚོགས་པའི་དུས་ཚོད་མུ་མཐུད་དུ་ཕྱིར་འགྱངས་བྱ་རྒྱུ་ཡིན་པ་དང་། འདི་ནི་རྩ་དོན་ཆེན་པོ་ཞིག་རེད། སློབ་གསོ་པུའུ་ཡིས་ཉེ་ཆར་སློབ་གྲྭ་ཚོགས་པར་རྩ་དོན་རང་བཞིན་གྱི་བླང་བྱ་ཞིག་བཏོན་པ་ནི། ཆ་རྐྱེན་གསུམ་འཛོམས་ཚེ་ད་གཟོད་སློབ་གྲྭ་ཚོགས་པར་བསམ་བློ་བཏང་ཆོག་པ་དེ་ཡིན།
གཅིག གཞི་རྩའི་ཆ་ནས་རིམས་ནད་ཚོད་འཛིན་བྱས་པ།གཞི་རྩའི་ཆ་ནས་རིམས་ནད་ཚོད་འཛིན་བྱས་པ་དེ་རྒྱལ་ཁབ་ཀྱིས་ཐག་གཅོད་བྱ་དགོས་ཤིང་།  རྫོང་རིམ་པའི་རིམས་ནད་ཚོད་འཛིན་གྱི་གནས་ཚུལ་ལའང་གནད་ལ་འཁེལ་བའི་བརྡར་ཤ་གཅོད་དགོས།
གཉིས། སྤྱི་ཚོགས་ཀྱི་ཁྱིམ་བདག་ཡོངས་དང་། ཡང་ན་ཁྱིམ་བདག་ཕལ་མོ་ཆེ་ད་ལྟ་སློབ་གྲྭ་ཚོགས་པར་མོས་མཐུན་ཡོད་པ།
གསུམ། སློབ་གྲྭ་ཚོགས་རྗེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ངེས་མཁོའི་དངོས་ཟོག་དང་ཆ་རྐྱེན་ཚགས་སུ་ཆུད་པ།
    གོང་བརྗོད་ཀྱི་ཆ་རྐྱེན་གསུམ་འཛོམས་ཚེ་ད་གཟོད་སློབ་གྲྭ་ཚོགས་པར་བསམ་བློ་བཏང་ཆོག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1