ཞི་ཅིན་ཕིང་གིས་ནིའུ་ཟེ་ལན་གྱི་ཙུང་ལི་ཡའོ་ཧན་ཅི་དང་གྲོས་མོལ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-24


སྤྱི་ཟླ་11པའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནིའུ་ཟེ་ལན་གྱི་རྒྱལ་ས་ཝེ་ལིང་ཐོན་གྲོང་ཁྱེར་དུ་ནིའུ་ཟེ་ལན་གྱི་ཙུང་ལི་ཡའོ་ཧན་ཅི་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་ཀྱིས་ཀྲུང་ནིའུ་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་བསྒྱུར་ཏེ། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་གཏན་འཁེལ་བྱས།

           གྲོས་མོལ་མཇུག་བསྒྲིལ་རྗེས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ནིའུ་ཟེ་ལན་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་ཁྱབ་བསྒྲགས་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1