༄༅།།ཆུ་མང་པོ་འཐུངས་ན་ཁྲག་རྩ་བདེ་ཐང་ཡོང་བར་ཕན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-09


        《གླིང་ཆེན་ཡོ་རོབ་ཀྱི་འཚོ་བཅུད་རིག་པའི་དུས་དེབ》སྟེང་བཀོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཉིན་རེར་ཆུ་ཉུང་ངུ་ཙམ་ལས་མ་འཐུང་བར་ལུས་ཆུ་ཟད་དུ་བཅུག་ན།ལུས་སྟོབས་ཤིན་ཏུ་རྒྱས་པའི་སྟག་ཤར་གཞོན་ནུ་ཞིག་ཡིན་ནའང་དེའི་ཁྲག་རྩའི་བྱེད་ནུས་ལ་གནོད་འཚེ་ཆེན་པོ་ཐེབས་པ་དང་།ཞིབ་འཇུག་གཞན་པ་ཞིག་ལས་མངོན་པ་ལྟར་ནའང་།ཉིན་རེར་ཆུ་ཕོར་བ2ནས3མ་གཏོགས་མི་འཐུང་བའི་མི་དང་བསྡུར་ན།ཉིན་རེར་ཆུ་ཕོར་བ6ནས7འཐུང་མཁན་ལ་སྙིང་དང་ཁྲག་རྩའི་ནད་ཀྱི་དོན་རྐྱེན་འབྱུང་བའི་ཚད་ཧ་ཅང་དམའ།
        པེ་ཅིན་སྨན་ཁང་སྙིང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ལིའུ་པིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།ཁྲག་ཤེད་མཐོ་བ་དང་ཁྲག་ཧྭགས་མཐོ་བ།ཁྲག་ཚིལ་མཐོ་བ་སོགས་ཀྱི་ཉེན་ཁ་ཆེ་བའི་ནད་རིགས་འདི་གསུམ་ཕུད་རྗེས།ཁྲག་འབྱར་བག་ཆེ་བ་དེ་ནི་ཀླད་སྙིང་ཁྲག་རྩའི་ནད་ཀྱི་འབྱུང་རྐྱེན་གཙོ་བོར་གྱུར་ཡོད།ལུས་སྟེང་གི་ཆུ་ཟད་པའི་སྐབས་སུ།ཁྲག་གི་འབྱར་བག་ཇེ་ཆེར་འགྲོ་བ་དང་།འཁོར་རྒྱུག་ཚད་ཇེ་དལ་དུ་སོང་ནས།ཁྲག་རྡོག་ཆགས་པའི་ཉེན་ཁ་ཇེ་ཆེར་འགྲོ་བར་མ་ཟད།བར་བརྒྱུད་ཀྱིས་ཀླད་སྙིང་ཁྲག་རྩའི་ནད་སློང་བ་དང་།ཚབས་ཆེ་བའི་སྐབས་སུ་སྙིང་རྩ་འགག་པའི་ནད་འབྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1