ལི་ཁེ་ཆང་ལ་འཇར་མན་གྱི་མོ་ཉི་ཧེ་རུ་ཁག་གི་གྲུག་གོས་ཨང་རྟགས་8པ་ཕུལ་ཡོད་ལ། དེའི་ཐོག་ཏུ་རུ་ཁག་འདིའི་སྤོ་ལོ་རྒྱག་མཁན་ཚང་མའི་མིང་རྟགས་བྲིས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-26


              སྤྱི་ཟླ་11པའི་ཚེས་23ཉིན། འཇར་མན་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི། བྷ་ཝ་རི་ཡ་མངའ་སྡེ་ཡི་ཁུལ་དཔོན་སེ་ཧོ་ཧྥུར་གྱིས་ལི་ཁེ་ཆང་ལ་འཇར་མན་གྱི་མོ་ཉི་ཧེ་རུ་ཁག་གི་གྲུག་གོས་ཨང་རྟགས་8པ་ཕུལ་ཡོད་ལ། དེའི་ཐོག་ཏུ་རུ་ཁག་འདིའི་སྤོ་ལོ་བརྒྱག་མཁན་ཚང་མའི་མིང་རྟགས་བྲིས་འདུག སེ་ཧོ་ཧྥུར་གྱིས་ཐོག་མར་ལི་ཁེ་ཆང་ལ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་རྫོང་དུ་ཚད་རིམ་6.3གྱི་ས་འགུལ་བྱུང་བར་འཚམས་འདྲི་བྱས་ཤིང་། ལི་ཁེ་ཆང་གིས་སེ་ཧོ་ཧྥུར་གྱིས་འཚམས་འདྲི་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། འགུལ་འགོག་རྒུད་སྐྱོབ་ཀྱི་ལས་ཀ་དངོས་སུ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པའི་སྐོར་གསུངས། ལི་ཁེ་ཆང་གིས། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཚད་མཐོན་པོ་ཞིག་ཏུ་བསླེབས་ཡོད་ལ། ཕྱོགས་གཉིས་ཀྱི་རིམ་པ་ཁག་དང་ཁྱབ་ཁོངས་སོ་སོ་ནས་ཕན་ཚུན་ལ་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་བཏང་ནས། ཉེ་ཆར་གཏན་འབེབས་བྱས་པའི་ཀྲུང་གོ་དང་འཇར་མན་གྱི་མཉམ་འབྲེལ་ལག་ལེན་རྩ་འཛིན་ཞེས་པ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་གསུངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1