༄༅།།ཕྱུགས་ཟོག་འཚོ་སྐྱོང་སྐབས་ཀྱི་རྒྱུན་མཐོང་ནད་རིགས་མྱུར་སྐྱོབ་བྱེད་ཐབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 05-29


        ཕྱུགས་ཟོག་འཚོ་སྐྱོང་སྐབས། གློ་བུར་བའི་ནད་རིགས་ཤིག་བྱུང་ནས་ཕྱུགས་ཟོག་འཆི་བ་རྒྱུན་དུ་མཐོང་། འོ་ན་མྱུར་སྐྱོབ་སྨན་དང་སྨན་པ་སོགས་མེད་པའི་གནད་འགག་གི་དུས་ལ། ང་ཚོས་རྒྱུན་མཐོང་གི་གློ་བུར་བའི་ནད་རིགས་འདི་དག་ཇི་ལྟར་མྱུར་སྐྱོབ་བྱེད་དམ་ཞེ་ན། གཤམ་གྱི་ཐབས་ཤེས་འདི་དག་ལ་རྒྱུས་མངའ་ཡོད་ན། ཕྱུགས་ཟོག་གློ་བུར་དུ་འཆི་བའི་རྐྱེན་ངན་ཟློག་ཐུབ།
    གཅིག ཕོ་གཏོས་བྱུང་བ།
        གཟན་རྩྭ་ཟོས་པ་མ་འགྲིག་པར་ཕོ་བའི་ནང་དུ་དབུགས་མང་བོ་བྱུང་བ་དང་། སྐྱུག་ལྡད་ཡོད་ཀྱང་དབུགས་ཕྱིར་ཕུད་པ་ཉུང་བའི་རྟགས་བྱུང་ན། ཤིང་ཐུར་ཅིག་ཕྱུགས་ཟོག་གི་ཁ་ནང་ལ་འཕྲེད་དུ་བཞག་ནས་ལྕེ་མར་མནན་རྗེས། སྣེ་གཉིས་ཐག་པས་བསྡམས་ཏེ་རྣ་བར་འདོགས་པ་དང་། དེ་མུར་རི་ངོས་སོགས་ཅུང་གཟར་ས་ཞིག་ཏུ་ཁྲིད་དེ་དབུགས་ཕྱིར་ཕུད་པར་བྱེད་ལ། ཞོར་དུ་ཕོ་བ་མཉེད་མཉེད་བྱས་ན། མྱུར་སྐྱོབ་བྱེད་ཐུབ།
    གཉིས། དུག་རྩྭ་ཟོས་པ། 
        ཁ་ནང་ནས་ཝུ་བ་དཀར་བོ་བཞུར་བ་དང་། འགྲོ་འདུག་མི་བདེ་བ། ཁ་སྣ་སྨུག་པོར་འགྱུར་བ། དབུགས་འཚང་བ་སོགས་ཀྱི་རྟགས་བྱུང་ན། ཐོག་མར་གྲི་ཡིས་རྣ་རྩ་གཙགས་ནས་ཁྲག་བཞུར་དུ་འཇུག་པ་དང་། ཞོར་དུ་ཤིང་ཐུར་ཅིག་ཁ་ནང་ལ་འཕྲེད་དུ་བཞག་སྟེ་དུག་འདྲེས་ཡོད་པའི་ཁ་ཆུ་ཕྱིར་ཕུད་དགོས། དེ་ནས་འཕྲལ་མར་བྱ་སྒོང་བརྒྱད་ཀྱི་སྒོང་ཆུ་ལྡུད་པ་དང་། ལིག་སོན་ཝང་ཕེན་ཐའོ་ཧའོ་ཁེ2ནས5བར་བརྒྱག་དགོས། ནོར་ཡིན་ན་ཧའོ་ཁེ8ནས10བར་བརྒྱག་དགོས།

    གསུམ། ཚ་དུག་ཕོག་པ།

        ཚ་དུག་ཕོག་པ་ཤེས་ཚེ། ཕྱུགས་ཟོག་རྣམས་འཕྲལ་མར་བསིལ་འཇམ་གྱི་གནས་སུ་འདེད་དགོས་ལ། རས་རློན་པ་ཐོད་པར་གླན་དགོས། ཚབས་ཆེ་བ་རྣམས་རྣ་རྩ་གཙགས་ནས་ཁྲག་བཞུར་དུ་འཇུག་པ་དང་། ཡང་ན་རྩ་ནག་ནས་ཁྲག་བཞུར་དུ་འཇུག་དགོས། ལུག་ལ་ཧའོ་ཧྲེང100ནས150ཙམ་དང་། ནོར་ལ་ཧའོ་ཧྲེང300ནས500བར་ཡིན།
    བཞི། ཚོར་ལོག་བྱུང་བ།
ཕྱུགས་ཟོག་གི་ལུས་སྦྲིད་པ་དང་རྣམ་རིག་མི་གསལ་བ། གོམ་ཁ་འཁྱོར་ཞིང་དལ་བ། སྐོར་བ་བྱེད་པ། སྐད་ངན་འབྱིན་པ་སོགས་བྱུང་ན། འཕྲལ་མར་གནས་གཞན་ཞིག་ཏུ་འདེད་དགོས།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1