རོང་བྲག་གི་འདམ་རྡོའི་ཆུ་རུད་གནོད་འཚེའི་གནས་ཚུལ་གསར་ཤོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-18


        སྤྱི་ཟླ་6པའི་ཚེས་17ཉིན་གྱི་ཆུ་ཚོད་12པའི་བར། མའེ་ལུང་འཁྱིལ་མཚོ་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ནས་རགས་ཁ་ཤོར་བ་རེད། དཀར་མཛེས་ཁུལ་ཆུ་དཔྱད་ཅུས་ཀྱིས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། ཆུ་རགས་མི་ཤོར་བའི་གནས་ཚུལ་འོག་མེ་ལུང་འཁྱིལ་མཚོ་ལས་གྲུབ་པའི་ཆུའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1234ཟིན་ཡོད་པ་རེད། གནོད་འཚེ་ཕོག་ཁུལ་གྱི་ཁང་པ་དང་། འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་སོགས་སྒྲིག་བཀོད་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད། G350ལམ་རྒྱུད་ཀྱི་གཞུང་ལམ་2ཏེ་ཁྱོན་སྤྱི་ལེ་1.7ཙམ་གཏོར་འདུག །མེ་ལུང་གློག་ཁང་(འཕྲུལ་འཁོར་2000KW)ཆུས་ཁྱེར་ཟིན་པ་དང་། ཨ་ཉག་ལུང་པའི་གློག་ཁང་(འཕྲུལ་འཁོར་3200KW)ལ་ཉེན་ཁ་ཕོག་ཡོད་པ་རེད། 


        མིག་སྔར་རོང་བྲག་རྫོང་གིས་འཕྲལ་བསྟུན་རིམ་གསུམ་དང་ལེན་གཞིར་བཟུང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་ཧུར་ཐག་བྱས་ནས་འཕྲལ་བསྟུན་ཉེན་སེལ་ལས་ཀར་ཞུགས་སུ་བཅུག་པ་དང་འབྲེལ་མཐའ་འཁོར་གྱི་རྫོང(གྲོང་ཁྱེར)སྦྲེལ་མཐུད་བྱས་ནས་རོགས་སྐྱོབ་འཚོལ་ཞིབ་བྱས་པ་རེད། ཞིང་ཆེན་དང་ཁུལ་གྱི་འཕྲལ་བསྟུན་རོགས་སྐྱོབ་ཉེན་སེལ་ལས་ཀའི་ཆེད་དོན་འཛིན་གྲྭ་སྔ་རྗེས་སུ་རོང་བྲག་རྫོང་དུ་ཉེན་སེལ་གེགས་སེལ་ལས་ཀ་སྤེལ་བར་བསྐྱོད་འདུག 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1