ད་ལོའི་སྤྱི་ཟླ་12པའི་ཚེས་1ཉིན་ནི་འཛམ་གླིང་ཨེ་ཛིའི་ཉིན་མོ་ཨང་27པ་དེ་ཡིན་ཞིང་། ད་ལོའི་བརྗོད་བྱ་གཙོ་བོ་ནི་བྱ་སྤྱོད་སྤེལ་ནས་ཨེ་ཛིའི་ནད་འགོས་ཁྱབ་མི་འགྲོ་བ་བྱེད་དགོས་ཞེས་པ་དེ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-01


             རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་གོ་ཆང་གིས་ངོ་སྤྲོད་གནང་བ་ལྟར་ན། 1985ལོར་ཀྲུང་གོར་ཨེ་ཛིའི་ནད་འགོས་པའི་ནད་པ་དང་པོ་དེ་ཐོན་པའི་ཚུན་ནས། ད་ལོའི་སྤྱི་ཟླ་10པའི་ཟླ་མཇུག་བར་གསོན་པོར་གནས་པའི་ཨེ་ཛིའི་ནད་དུག་ཕོག་པ་དང་ནད་པ་སྙན་ཞུ་བྱས་པ་497000ཡོད་པ་དང་། གྲོངས་ཟིན་པ་154000ཟིན་ཡོད།

              ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོའི་ནད་ཡམས་གནས་ཚུལ་ཐད་ཁྱད་ཆོས་བཞི་ཐོན་ཡོད་དེ། གཅིག་ནི་རྒྱལ་ཡོངས་ཀྱི་ནད་ཡམས་གནས་ཚུལ་སྤྱི་ཡོངས་ནས་འགོས་ཁྱབ་ཆུང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཀྱང་། ས་ཁུལ་ཁག་ཅིག་ལ་འགོས་ཁྱབ་བྱུང་ཚད་ཆེ་བ་དང་། གཉིས་ནི་དུག་འཐེན་མཁན་གྱིས་ཁྲག་རྩར་ཁབ་བརྒྱབ་ནས་འགོས་པ་དང་མ་ནས་བུར་འགོས་པ་ཉུང་བ་དང་། ཕོ་མོའི་འཁྲིག་སྤྱོད་བརྒྱུད་འགོས་པ་དེ་ནད་དུག་འགོ་བའི་བརྒྱུད་ལམ་གཙོ་བོར་གྱུར་བ། གསུམ་ནི་ས་གནས་ཁག་ལ་འགོས་ཁྱབ་འགྲོ་བའི་མ་དཔེར་ཧེ་བག་ཡོད་ཅིང་། དར་མ་དང་རྒན་རྒོན། གཞོན་ནུ་སློབ་མ་སོགས་གཙོ་གནད་མི་ཚོགས་ནང་ནད་ཡམས་འགོས་ཚད་མངོན་གསལ་ངང་ཇེ་ཆེར་ཕྱིན་པ། བཞི་ནི་གསོན་པོར་གནས་པའི་ནད་དུག་འགོས་མཁན་དང་ནད་པའི་མི་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ནད་རྟགས་ཐོན་མཁན་གྱི་མི་གྲངས་མང་དུ་ཕྱིན་པ་བཅས་རེད། །


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1