ལི་ཁེ་ཆང་གིས་ཕྱོགས་སོ་སོས་སྟོབས་ཤུགས་གཅིག་སྦྲེལ་གྱིས་ཨེ་ཛི་ནད་སྔོན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་མུ་མཐུད་དུ་འགན་ལེན་བྱ་དགོས་ཞེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


             སྤྱི་ཟླ་11པའི་ཚེས་30ཉིན། ཐེངས་27པའི་འཛམ་གླིང་ཨེ་ཛི་ནད་ཀྱི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པེ་ཅིང་གི་ཆེས་ཐོག་མའི་ཨེ་ཛིའི་ནད་པའི་བདེ་སྲུང་སྨན་ཁང་དུ་ཕེབས་ཤིང་། ཨེ་ཛི་ནད་ཀྱི་སྔོན་འགོག་གི་ལས་ཀར་རྟོག་ཞིབ་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་སྨན་བཅོས་མི་སྣ་དང་། གཞི་རིམ་གྱི་ཨེ་འགོག་ལས་སྒྲུབ་པ་དང་རང་འདུན་པ་རྣམས་ལ་འཚམས་འདྲི་གནང་།

             ལི་ཁེ་ཆང་གིས་ཐུགས་སྤྲོ་བའི་ངང་བྱིས་པ་རྣམས་ལ་ཁང་པའོ་པའོ་གནང་ཞིང་། ཁོང་གིས། ཨེ་ཛི་ནད་སྔོན་འགོག་བྱ་ཐུབ་ལ་ཚོད་འཛིན་བྱ་ཐུབ། དེ་མིན་སྨན་བཅོས་ཀྱང་བྱ་ཐུབ་བཞིན་ཡོད། བྱིས་པ་འདིས་ཁྱོད་ཚང་ལ་བདེ་སྐྱིད་སྦྱིན་ཐུབ་པ་མ་ཟད། ཨེ་ཛིའི་ནད་པ་མི་ཉུང་བ་ཞིག་ལ་ཚེ་སྲོག་གི་རེ་བ་སྟེར་ཐུབ་སྨོན་ཞེས་དང་། ང་ཚོས་ཐག་གཅོད་བྱས་ཟིན་སྟེ། མ་འོངས་པར་ལག་རྩལ་མཐོ་ཞིང་མ་རྩ་ཚོད་འཛིན་ཐུབ་པ། སྤྱི་ཚོགས་ཀྱི་ཕན་ནུས་བཟང་པའི་ཨེ་འགོག་བྱ་ཐབས་ཤིག་ལག་བསྟར་བྱ་རྒྱུ་ཡིན། 2015ལོའི་ལོ་མཇུག་བར་ཏུ། རྒྱལ་ཡོངས་ལ་ཁྱབ་བརྡལ་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་བྱིས་པའི་ལུས་སྟེང་དུ་ཨེ་ཛི་ནད་གཏན་ནས་མེད་པར་བརྩོན་ལེན་བྱ་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1