ཞི་ཅིན་ཕིང་གིས་འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཀྲུང་གོའི་ཕུགས་འདུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་ཡོད་པར་བརྩོན་ལེན་བྱ་དགོས་ཞེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-03


            སྤྱི་ཟླ་11པའི་ཚེས་28ཉིན་ནས་ཚེས་29ཉིན་གྱི་བར། ཀྲུང་དབྱང་ཕྱི་འབྲེལ་ལས་ཀའི་གྲོས་ཚོགས་དེ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་།

            ཞི་ཅིན་ཕིང་གིས། ད་སྐབས་དང་རྗེས་ཕྱོགས་ཀྱི་དུས་ཡུན་ངེས་ཅན་ཞིག་ལ། རང་རྒྱལ་གྱི་ཕྱི་འབྲེལ་ལས་ཀ་བསྒྲུབ་པའི་ཁྲོད་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱ་དགོས་ཤིང་། རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་གཞུང་ལུགས། ལམ་ལུགས་བཅས་གསུམ་གྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་སྲུང་འཛིན་བྱ་དགོས་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཀྲུང་གོའི་ཕུགས་འདུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་ཡོད་པར་བརྩོན་ལེན་བྱ་དགོས། ཀྲུང་གོའི་ཕུགས་འདུན་ནི་ཞི་བདེ་དང་འཕེལ་རྒྱས། མཉམ་ལས་གཉིས་ཕན་གྱི་ཕུགས་འདུན་ཞིག་ཡིན་ལ། ང་ཚོས་འཚོལ་སྙེག་བྱེད་བཞིན་པ་ནི་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་ཡིན་པ་མ་ཟད། རྒྱལ་ཁབ་ཚང་མའི་མི་དམངས་ཀྱི་བདེ་སྐྱིད་ཀྱང་ཡིན། རྒྱལ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་། རྒྱལ་ཁབ་གཅིག་གྱུར་བཅས་སྲུང་འཛིན་ནན་མོ་བྱས་ཏེ། རྒྱལ་ཁོངས་གླིང་ཕྲན་གྱི་རྩོད་གཞི་འོས་འཚམས་ཀྱིས་ཐག་གཅོད་བྱ་དགོས། འཕེལ་རྒྱས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སྲུང་འཛིན་བྱས་ཤིང་། རྒྱ་ཆེན་པོའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་དང་ལག་རྩལ་སོགས་གཉིས་ཕན་མཉམ་ལས་བྱས་ཏེ། ཟུང་འབྲེལ་ཟབ་མོ་ལྡན་པའི་གཉིས་ཕན་མཉམ་ལས་ཀྱི་དྲ་རྒྱ་ཆགས་པར་འབད་པ་བྱ་དགོས་པ་དང་། མནའ་འབྲེལ་མི་འཛུགས་པའི་རྩ་དོན་གཞིར་བཞག་གི་ཐོག་ནས་གྲོགས་པོ་མང་པོ་དང་འབྲེལ་བ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཡོངས་ལ་ཁྱབ་པའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་ཆགས་པར་བྱ་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1