༄༅།།ལུག་གསོ་བའི་སྐབས་ཀྱི་འཛེམ་བྱ་དྲུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 07-30


གཅིག ལས་ཚེགས་ལ་འཛེམ་མི་རུང་།
        ལུག་གསོ་བའི་ཁྱིམ་ཚང་མང་པོ་ཞིག་གིས་ལུག་ལ་གཟན་རྩྭ་སྟེར་དུས། ལས་ཚེགས་ལ་འཛེམས་ནས་གཟན་རྩྭ་གཏུབ་པ་དང་ཕྱེ་རིགས་བསྲེས་པ་སོགས་ཀྱི་ལས་སྣོན་མི་བྱེད་པར་ཐད་ཀར་ལུག་རའི་ནང་དུ་འཕེན་བཞིན་ཡོད། དེ་ལྟར་བྱས་ན། གཟན་རྩྭ་ཆུད་ཟོས་སུ་གཏོང་བར་མ་ཟད། ད་དུང་ལུག་གི་འཚར་ལོངས་ལའང་གནོད་པ་ཡིན།

གཉིས། རིམས་ནད་འགོག་བཅོས་ལ་སྣང་ཆུང་བྱེད་མི་རུང་།
        ལུག་གསོ་བའི་ཁྱིམ་བདག་མང་པོ་ཞིག་གིས་ལུག་ལ་ནད་ཕོག་དཀའ་བས། རིམས་ནད་འགོག་བཅོས་ཀྱི་ལས་ལ་སྣང་ཆུང་བྱས་ཏེ་འགོག་སྨན་རྒྱག་པ་སོགས་ནི་སྒོར་མོ་ཆུད་ཟོས་སུ་བཏང་བར་འདོད། ཡིན་ནའང་། འགོས་ནད་དང་འཁྲི་འབུའི་ནད་ནི་ལུག་གི་རིགས་ལ་གནོད་འཚེ་ཐེབས་ཚད་ཆེས་ཆེ་བ་ཡིན།

གསུམ། ལུག་གི་ཉེ་རྒྱུད་སྡེབ་སྦྱོར་ལ་འཛེམ་པ།
        ལུག་རྒྱུད་སྤེལ་བའི་སྐོར་ལ། གསོ་ཚགས་མཁན་མང་པོ་ཞིག་གིས་མཐོང་ཆེན་མི་བྱེད། གལ་ཏེ། ལུག་རྒྱུད་སྤེལ་བ་ལ་མཐོང་ཆེན་མ་བྱས་ན། ཉེ་རྒྱུད་སྡེབ་སྦྱོར་བྱུང་ནས་ལུག་རྒྱུད་ཉམས་ཞན་དུ་འགྲོ་བ་ཡིན།

བཞི། མ་མོ་དང་ཁྲོམ་གཉིས་མཉམ་དུ་གསོ་མི་རུང་།
        ཁྲོམ་འཚར་ལོངས་བྱུང་རྗེས། མ་མོ་དང་ཁ་བཀར་ནས་གསོ་དགོས། གལ་ཏེ། མ་མོ་དང་ཁྲོམ་མཉམ་དུ་གསོས་པ་ཡིན་ན། ཁྲོམ་གྱི་རྒྱུད་ལ་ཤན་ཤུགས་ཐེབས་པར་མ་ཟད། ད་དུང་ལུག་ལ་ཉེ་རྒྱུད་སྡེབ་སྦྱོར་གྱི་ཉེན་ཁའང་འབྱུང་བ་ཡིན།

ལྔ། ལུ་གུའི་འོ་མ་ནུ་མཚམས་སྔ་མོ་ནས་གཅོད་མི་རུང་།
        ལུ་གུའི་འོ་མ་ནུ་མཚམས་སྔ་མོ་ནས་བཅད་པ་ཡིན་ན། ལུ་གུའི་འཚར་ལོངས་ལ་ཤན་ཤུགས་ཐེབས་ཏེ་གཟུགས་ཆུང་བ་དང་ལུས་སྟོབས་ཞན་པ། ནད་རིགས་འགོས་སླ་བ་སོགས་ཡོང་།

དྲུག གཟན་ཆས་སྤུས་ལེགས་སྟེར་རྒྱུ་མང་བ་ལ་འཛེམ་པ།
        ལུག་གསོ་ཚགས་བྱེད་མཁན་ཁ་ཤས་ཀྱིས་ལུག་གི་འཚར་ལོངས་མགྱོགས་པར་བྱེད་ཆེད། གཟན་ཆས་སྤུས་ལེགས་ཁོ་ན་སྟེར་བཞིན་ཡོད། འདི་ལྟར་བྱས་ན། ལུག་ལ་འཚར་ལོངས་དུས་ཐོག་ཏུ་མི་འབྱུང་བར་མ་ཟད། ད་དུང་ལུག་གི་གྲོད་པུ་སྦོས་པར་འགྱུར་སྲིད།


འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ལས་དྲངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1