རྔ་བ་ཁུལ་དུ་བོད་དོན་ཚོགས་འདུར་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 09-03




        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་ལངས་ནས་བོད་ཀྱི་ལས་དོན་ལ་འཕྲད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་གནང་སྟེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་བྱེད་ཕྱོགས་བྱ་ཐབས་སོགས་ཕྱོགས་ཡོངས་ནས་གསལ་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་བོད་དང་འབྲེལ་བ་ཡོད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་བྱ་སྤྱོད་ཀྱི་ཁྲིད་སྟོན་མཁོ་འདོན་བྱས་ཡོད། ཚོགས་འདུ་མཇུག་སྒྲིལ་རྗེས་རང་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཁུལ་གཅིག་དང་ས་ཁུལ་གཉིས། ཁྱིམ་གཞིས་གསུམ་སྐྲུན་གང་ཐུབ་བྱེད་དགོས་པར་བསྟན་ཡོད།
        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་མཇུག་བསྒྲིལ་རྗེས། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འཕྲལ་མ་ཉིད་དུ་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ནས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་དེ་མིག་སྔའི་ལས་དོན་ཁག་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་པས་སྦྱངས་པ་གོ་ཆོད་པ་དང་མཐའ་གསལ་མཐིལ་རྟོགས་བྱ་དགོས།





རྔ་བ་ཁུལ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ལིའུ་ཁུན་ཅུན།


        བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་རྨང་གཞིའི་ཐོག་“ངེས་པར་དུ་བྱ་དགོས་པ་དྲུག་”གི་བོད་སྐྱོང་ཐབས་ཇུས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་བས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་“ངེས་པར་དུ་བྱ་དགོས་པ་བཅུ་”ཆགས་ཡོད། དེའི་ནང་ནས་ངེས་པར་དུ་གཅིག་ནི་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ་བྱ་དགོས་པ་དང་། ལྷག་པར་དུ་ང་ཚོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་ལ་མཚོན་ན་མཛུབ་སྟོན་གྱི་ནུས་པ་ཧ་ཅང་ཆེན་པོ་ཡིན་ཞིང་། ང་ཚོར་འབད་འཐབ་བྱ་རྒྱུའི་དམིགས་འབེན་བསྟན་པས་ང་ཚོས་ཐབས་ཤེས་དང་ཐབས་ལམ་གསལ་པོ་གསུང་པ་མ་ཟད་རྩ་བའི་བསྲུང་བྱ་མཁོ་འདོན་བྱས་ཡོད།
        ཚོགས་འདུ་གྲོལ་རྗེས་ང་ཚོའི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་པས་མགྱོགས་མྱུར་ངང་སློབ་སྦྱོང་བྱས་ཤིང་། དུས་མཚུངས་སུ་ང་ཚོའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ཀྱང་སྐད་འཕྲིན་སྟེང་ཡང་ཡང་བརྒྱུད་སྤེལ་དང་བསྟོད་བསྔགས་བྱེད་ཀྱིན་ཡོད་པ་རྟོགས། དེ་རྗེས་ང་ཚོས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་མགྱོགས་མྱུར་ངང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་ཆབས་ཅིག་ཆོས་ལུགས་དང་དགོན་སྡེར་དོ་དམ་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་“ངེས་པར་དུ་བྱ་དགོས་པ་བཅུ་”བཏོན་པ་རེད། དེར་ཚང་མས་འདི་ནི་བོད་ལྗོངས་དང་དེ་བཞིན་བོད་དང་འབྲེལ་བ་ཡོད་པའི་གཙོ་གནད་ཞིང་ཆེན་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་པར་སྙམ་འདུག

མེན་དབྱང་གི་རོགས་སྐྲུན་ལས་བྱེད་པ། ཛམ་ཐང་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་ཆིན།

        མཇུག་བསྒྲིལ་མ་ཐག་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་རང་ཁུལ་གྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་བཟང་ཞིག་ཡིན་ལ་དོན་ཆེན་ཞིག་ཀྱང་རེད། མེན་དབྱང་གྲོང་ཁྱེར་གྱིས་ཛམ་ཐང་རྫོང་དུ་རོགས་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་རྨང་གཞིའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་དང་སི་ཁྲོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་དང་མེན་དབྱང་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་”དང་“ལུང་ཁུག་ཏུ་གནས་པའི་བསམ་བློ་མཁྲེགས་འཛིན་མི་བྱེད་པ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བའི་སྒོ་ནས་ལས་དོན་བསྒྲུབས་པ་བཟང་ཤོས་ཀྱི་ཟམ་ཐང་བའི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པ་སོགས་ཤུགས་རྒྱག་སར་བཟུང་ནས། ཐོག་མའི་བསམ་འདུན་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།དཀའ་ངལ་ཁྱད་བསད་མི་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཛམ་ཐང་རྫོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མང་ཚོགས་ལ་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས།

ཛམ་ཐང་རྫོང་རྒྱུན་སྡོད་ལམ་ལུགས་ལསློབ་ཆུང་གི་དགེ་རྒན། འཆི་མེད།

        ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཛམ་ཐང་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་དང་། འཕེལ་རྒྱས། ཞོད་འཇགས་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཛམ་བྷ་ལའི་ཡུལ་འདི་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་འགྲོ་བཞིན་ཡོད་ལ། གངས་ལྗོངས་ས་མཐོར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད། སློབ་གསོ་དང་སློབ་ཁྲིད་བྱེད་པའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་འགན་འཁྲི་ལྕི་ལ་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སླད་ཕྱིན་གྱི་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་ཀའི་ནང་ངེས་པར་དུ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། བོད་ལྗོངས་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་དེ་སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་སློབ་དཔྱོད་ཁྲོད་འདྲེས་པར་བྱས་ནས། སློབ་མར་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ལྟ་བ་བཅས་ཡང་དག་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1