༄༅། །ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


            ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་བུའུ་ཨེ་ཡུན་གྱིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ«“ལོ་ལྔའི་ཐེངས་ལྔ་བའི”བཅའ་ཁྲིམས་ཁྱབ་གདལ་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ»འབུལ་སྐབས་བསྟན་དོན། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།

           བུའུ་ཨེ་ཡུན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་དམིགས་ནས། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རིག་འཕེལ་རྒྱས་ལ་ཞབས་ཞུ་དང་ཡར་སྐུལ་བྱས།

             གཅིག་ནི་དཔལ་འབྱོར་བརྟན་བརླིང་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་འབྱུང་བར་ཞབས་ཞུ་བྱེད་པ་དེར་དམིགས་ནས། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བཅའ་ཁྲིམས་གླེང་སྟེགས་དང་ཁྲིམས་ལུགས་འཆད་ཁྲིད། ཡར་ཞུ་ཚོགས་འདུ་སོགས་ཆེད་དོན་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་བསྡོམས་པས་ཐེངས་འབུམ་གསུམ་དང་ཁྲི་དགུ་ལྷག་སྤེལ། “ཞིང་བ་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་བྱང་ཚད་མཐོར་འདེགས་དང་། ཞིང་སྡེའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ”སོགས་ནང་དོན་གཙོ་བོ་ཡིན་པའི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཐེངས་ས་ཡ་གཅིག་དང་འབུམ་གསུམ་ལྷག་སྤེལ།

            གཉིས་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་དམིགས་ནས། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ། ཤུགས་ཆེན་པོས་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་རོགས་སྐྱོར། སྡོད་ཁང་གཞུང་བསྡུ་དང་ཁ་གསབ། ས་ཞིང་འགན་གཙང་ལེན་དང་འཁོར་རྒྱུགས། རྒྱལ་དབང་ཁེ་ལས་ཀྱི་ལམ་ལུགས་བཅོས་བསྒྱུར། སྨན་བཅོས་བཅོས་སྒྱུར། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་པས། གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་ཀྱིས་ཚད་རིམ་མི་འདྲ་བའི་སྒོ་ནས་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་དང་ལེན་བྱས།

            གསུམ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀོད་སྒྲིག་གལ་ཆེན་དང་ལས་འགན་གལ་ཆེན་ལ་དམིགས་ནས། ཁྲིམས་ལུགས་དྲིལ་སྒྲིག་སློབ་གསོ་གཏིང་ཟབ་ཏུ་སྤེལ། བཅོས་སྒྱུར་དང་ཕྱི་ཕྱོགས་སུ་སྒོ་ཕྱེས་ནས་ལོ་འཁོར་སུམ་ཅུ་ལོན་པ་དང་། པེ་ཅིན་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་པའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པ། ཧྲང་ཧེའི་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་འདུ་སོགས་དོན་ཆེན་དང་། དེ་མིན་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་འཇལ་བ་དང་། ཟི་ཁྲོན་བུན་ཁྲོན་དང་མཚོ་སྔོན་ཡུས་ཧྲུའུ་ཡི་ས་འགུལ་གྱི་གནོད་འཚེ་སོགས་འཕྲལ་སྒྲུབ་དང་སྒྲུབ་དཀའ་བའི་དོན་དག་ལ་དམིགས་ནས། བརྗོད་དོན་གཙོ་བོའི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ཏེ། ཏང་དང་རྒྱལ་ཁབ་ཀྱིས་དོན་ཆེན་སྒྲུབ་པ་དང་། བཀྲ་ཤིས་པའི་ལས་དོན་བཟང་བོར་སྒྲུབ་པ། དཀའ་ཚེགས་ཆེ་བའི་བྱ་བ་འོས་འཚམ་སྒོས་ཐག་གཅོད་པ་བཅས་ལ་ཁྲིམས་སྐྱོང་གི་རྣམ་པ་བཟང་བོ་བསྐྲུན།

            བཞི་ནི་སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་སྤྱི་ཚོགས་ཀྱི་དོ་དམ་གསར་བསྐྲུན། དྲང་བདེན་སྤྱོད་གཙང་དང་ཁྲིམས་འཛིན་བཅས་གནད་ས་གསུམ་གྱི་བྱ་བར་སྐུལ་འདེད་བྱེད་པར་དམིགས་ནས། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ། “ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་། སྤྱི་ཚོགས་ཀྱི་འགལ་བ་སེལ་བར་སྐུལ་འདེད་བྱེད་པ”དེ་ནང་དོན་གཙོ་བོར་བཞག་ཏེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ་དང་། ཆེད་དོན་དྲིལ་སྒྲོག་བྱ་འགུལ་ཐེངས་འབུམ་གཅིག་དང་ཁྲི་དྲུག་ལྷག་སྤེལ།

             བུའུ་ཨེ་ཡུན་གྱིས་བཤད་རྒྱུར། བརྗོད་དོན་གཙོ་བོའི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དེས། ཁྲིམས་ལུགས་ཀྱི་ཚད་གཞི་དང་ཁྲིད་སྟོན། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ནུས་ཡོད་སྒོས་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བཏང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་ཞབས་ཞུ་བྱས་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོབ་བྱས་བ་རེད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1