༄༅།།ཁ་པར་ཨང་གྲངས་12339ནི་ཧ་ཅང་གལ་ཆེན་པོ་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-23



        ཉེ་ལམ། རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཁུངས་ཀྱིས་“ཞུན་ལེ—2020”ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཐའེ་ཝན་གསང་མྱུལ་གསང་འཕྲིན་ལས་ཁུངས་ཀྱི་སིམ་འཛུལ་གཏོར་བཤིག་བྱ་འགུལ་ལ་རྡུང་རྡེག་བཏང་བ་དང་། གསང་མྱུལ་གྱིས་གསང་བ་བརྐུས་པའི་གྱོད་གཞི་བརྒྱ་ཕྲག་ཁ་ཤས་རྩད་ཆོད་ཐུབ་ནས། ཐའེ་ཝན་གྱི་གསང་མྱུལ་དང་འབྲེལ་ཡོད་མི་སྣ་ཁག་ཅིག་འཛིན་བཟུང་བྱས་ཤིང་། ཐའེ་ཝན་གྱི་གསང་མྱུལ་གསང་འཕྲིན་ལས་ཁུངས་ཀྱིས་མེས་རྒྱལ་སྐམ་ས་ཆེན་མོར་དམིགས་ནས་བཙུགས་པའི་གསང་མྱུལ་གསང་འཕྲིན་དྲ་རྒྱ་མེད་པར་བཟོས་ཡོད་པས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

        1 
        གཤམ་གསལ་ནང་དོན་འདི་དག་ནི་གསང་མྱུལ་གྱི་བྱ་སྤྱོད་ཡིན།
        གསང་མྱུལ་སྒྲིག་འཛུགས་དང་དེའི་ལས་ཚབ། ཡང་ན་མངའ་ཁོངས་ཕྱིའི་ལས་ཁུངས་གཞན་དག་བཅས་ཀྱིས་མི་གཞན་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱེད་སྒོ་སྤེལ་བར་མ་དངུལ་རོགས་སྐྱོར་བྱས་པ།
        མངའ་ཁོངས་ཕྱི་ནང་གི་ལས་ཁུངས་དང་། སྒྲིག་འཛུགས། མི་སྒེར་བཅས་ཀྱིས་གསང་མྱུལ་སྒྲིག་འཛུགས་དང་ངན་འབྲེལ་བྱས་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྒོ་སྤེལ་བ།
        གསང་མྱུལ་སྒྲིག་འཛུགས་དང་དེའི་ལས་ཚབ་ཀྱི་ལས་འགན་དང་ལེན་བྱེད་པ།
        གསང་མྱུལ་སྒྲིག་འཛུགས་ནང་ཞུགས་པ།
        རྒྱལ་ཁབ་ཀྱི་གསང་བའམ་གསང་བའི་གནས་ཚུལ་རྐུ་འཁྱེར་རམ་མྱུལ་ཞིབ། ཉོ་སྒྲུབ། ཁྲིམས་འགལ་གྱིས་འདོན་སྤྲོད་བཅས་བྱེད་པ།
        རྒྱལ་ཁབ་ཀྱི་ལས་དོན་མི་སྣས་རྒྱལ་ཁབ་ལ་ངོ་ལོག་བྱེད་པར་ངན་སྐུལ་དང་། བསླུ་བྲིད།  བསླུ་ཉོ་བཅས་བྱེད་པ།
        དགྲ་བོར་དམིགས་ཡུལ་སྟོན་པ།
        གསང་མྱུལ་གྱི་བྱ་སྤྱོད་གཞན་དག་སྤེལ་བ་བཅས་སོ། །
        2 
        མི་འདི་དག་གིས་གསང་མྱུལ་བར་དོགས་ཟོན་ཆེན་པོ་བྱེད་དགོས།
        ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ།
        མཐོ་རིམ་སློབ་གྲྭའི་དགེ་རྒན་དང་སློབ་མ།
        དམག་དོན་ལ་དགའ་པོ་བྱེད་མཁན་གྲོགས་ཚོགས།
        དམག་དོན་བཟོ་ལས་ཁེ་ལས་དང་རྒྱལ་སྲུང་ཚན་ཞིབ་ལས་ཁུངས་ཀྱི་མི་སྣ།
        ན་གཞོན་དྲ་གྲོགས་སོགས།
        རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། གོང་གསལ་མི་སྣ་འདི་དག་མངའ་ཁོངས་ཕྱིའི་གསང་མྱུལ་ལས་ཁུངས་ཀྱིས་མགོ་སྐོར་དང་བེད་སྤྱོད་གཏོང་ཉེན་ཆེན་པོ་ཡོད།
        
        གསང་མྱུལ་བའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་འདི་ལྟར་བྱེད་དགོས།
        ཐེར་འདོན་ཁ་པར།12339 
        ཐེར་འདོན་དྲ་ཚིགས། www.12339.govjn
        སྤྱི་དམངས་ཀྱིས་གསང་མྱུལ་བྱ་སྤྱོད་ཐེར་འདོན་བྱས་ནས་ནུས་པ་གལ་ཆེན་ཐོན་པར་བྱ་དགའ་དངུལ་འབོར་ཆེན་སྤྲོད་རྒྱུ་ཡིན་པ།

        མི་ཚང་མར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1