༄༅།།རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་གྲོང་གསེབ་པུའུ་ཡིས《གྲོང་གསེབ་ཏུ་ ཁང་པ་བསྐྲུན་པའི་བྱ་སྤྱོད་ཐད“མི་ཆོག་པ་བརྒྱད”ཀྱི་བརྡ་ཁྱབ》སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-03



        ཉེ་བའི་ལོ་ཤས་རིང་།ས་གནས་ཀྱི་གྲོང་གསེབ་ཁ་ཤས་སུ་ཆོག་མཆན་མ་ཐོབ་པར་ཁྲིམས་འགལ་ངང་རྨོ་ཞིང་བདག་བཟུང་དང་ཁང་པ་བསྐྲུན་པའི་གནད་དོན་མངོན་གསལ་དོད་ལ་གང་སར་མཆེད་པའི་འཕེལ་ཕྱོགས་མངོན་པ་དང་།ལྷག་པར་དུ་བདག་འཛིན་མང་དུ་བྱེད་པ་དང་ཁྲིམས་འགལ་གྱིས་ཕྱིར་འཚོང་བྱེད་པ་སོགས་སེམས་ངན་བཅངས་ནས་ཁང་པ་བསྐྲུན་པའི(སྡོད་ཁང་གི་རིགས་དང་།དོ་དམ་གྱི་རིགས།བཟོ་ཚོང་ལས་ཀྱི་རིགས་སོགས་ཚུད་པའི་ཁང་པ་སྣ་ཚོགས་ཚུད་ཡོད)བྱ་སྤྱོད་ཀྱིས་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་མ་མཐའི་ཚད་ཐིག་ལས་བརྒལ་བ་དང་།རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འཇིགས་སྐུལ་ཐེབས་གྱིན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་ཚད་མཐོའི་མཐོང་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་།གྲོང་གསེབ་ཀྱི་རྨོ་ཞིང་གང་བྱུང་དུ་བདག་འཛིན་བྱེད་པའི་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་ཆེད།བཅའ་ཁྲིམས་དང་ཁྲིམས་སྲོལ།འབྲེལ་ཡོད་སྲིད་ཇུས་ལྟར།རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་གྲོང་གསེབ་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་གྲོང་གསེབ་ཏུ་ཁང་པ་བསྐྲུན་པའི་བྱ་སྤྱོད་ཐད“མི་ཆོག་པ་བརྒྱད”གཏན་འབེབས་བྱས།

གཅིག གཏན་འཇགས་གཞི་རྩའི་ཞིང་ས་བདག་བཟུང་བྱས་ནས་ཁང་པ་བསྐྲུན་མི་ཆོག
གཉིས། རྨོ་ཞིང་བཙན་འཛིན་དང་མང་འཛིན་བྱས་ནས་ཁང་པ་བསྐྲུན་མི་ཆོག
གསུམ། རྨོ་ཞིང་ཉོ་ཚོང་དང་འཁོར་རྒྱུག་བྱས་ནས་ཁྲིམས་འགལ་སྒོས་ཁང་པ་བསྐྲུན་མི་ཆོག
བཞི། འགན་གཙང་ལེན་བྱས་པའི་རྨོ་ཞིང་སྟེང་ཁྲིམས་འགལ་སྒོས་ཁང་པ་བསྐྲུན་མི་ཆོག
ལྔ། མིང་སྣ་ཚོགས་ལ་ཁ་གཡར་ནས་ཁྲིམས་འགལ་སྒོས་རྨོ་ཞིང་བཀོལ་ནས་ཁང་པ་བསྐྲུན་མི་ཆོག
དྲུག “ཁྱིམ་ཚང་རེ་ལ་སྡོད་ཁང་རེ”ཡི་གཏན་འབེབས་དང་འགལ་ནས་རྨོ་ཞིང་སྟེང་ཁང་པ་བསྐྲུན་མི་ཆོག
བདུན། རྨོ་ཞིང་བདག་བཟུང་བྱས་ནས་བསྐྲུན་པའི་ཁང་པ་ཁྲིམས་འགལ་སྒོས་ཕྱིར་འཚོང་བྱེད་མི་ཆོག
བརྒྱད། རྨོ་ཞིང་བདག་བཟུང་བྱས་ནས་ཁང་པ་བསྐྲུན་པར་ཁྲིམས་འགལ་སྒོས་ཞིབ་བཤེར་ཆོག་མཆན་འགོད་མི་ཆོག
ཚང་མ《རང་བྱུང་ཐོན་ཁུངས་པུའུ་དང་ཞིང་ལས་ཐོན་ཁུངས་པུའུ》ཡི་བརྡ་ཐོ་ལྟར་བདམས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1