ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-11


        སྤྱི་ཟླ་12པའི་ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། མི་ལུས་འགན་བཅོལ་གྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ། སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་བཀོད་སྒྲིག་གནང་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་དགོས་ཞེས་དང་། སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་བྱ་རྒྱུར་ལྟ་སྐུལ་དོ་དམ་བྱེད་པའི་སྲོལ་ཡིག་གི་འཆར་ཟིན་དང་བཙོག་འབུད་ཆོག་འཐུས་དོ་དམ་སྲོལ་ཡིག་གཉིས་ལ་གྲོས་འཆམ་གནང་ཡོད།
        གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དངུལ་རྩའི་ཞབས་ཞུ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་མི་ལུས་འགན་བཅོལ་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དེས་དམངས་གཙོ་འགན་སྲུང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྔར་ལས་ལྷག་པའི་ཞབས་ཞུ་བསྒྲུབ་རྒྱུར་ཕན་ཐོགས་ཡོད། མང་ཚོགས་ཀྱིས་བདེ་ཐང་དང་རྒན་གསོ། བདེ་འཇགས་འགན་སྲུང་སོགས་ལ་འཛིན་པའི་དགོས་མཁོ་དང་མཐུན་པ་དང་། འགན་བཅོལ་ལས་རིགས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་འབུར་དུ་ཐོན་པ་བྱེད་པ། མི་ལུས་འགན་བཅོལ་ཐོན་རྫས་ཀྱི་མཁོ་སྤྲོད་ལེགས་བསྒྱུར་བྱེད་པ་བཅས་བྱེད་དགོས།
        གཅིག་ནས། ཚོང་ལས་བདེ་ཐང་འགན་བཅོལ་མགྱོགས་མྱུར་གོང་འཕེལ་གཏོང་དགོས། ནད་གཞི་ཆེ་གྲས་ཀྱི་འགན་བཅོལ་ཐོན་རྫས་དེ་བས་མང་བ་གསར་བཟོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་སོགས་དང་སྦྲེལ་མཐུད་ཁ་གསབ་ཡག་པོ་བྱེད་པ། གྲོང་མིའི་ནད་གཞི་ཆེ་གྲས་ཀྱི་འགན་བཅོལ་འགན་སྲུང་ནུས་པ་མཐོ་རུ་གཏོང་དགོས། རྒན་རྒོན་མི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་ཚོང་ལས་སྨན་བཅོས་འགན་བཅོལ་ཐོན་རྫས་གསར་བཟོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འགན་བཅོལ་ཀུང་སིས་སྨན་བཅོས་འགན་བཅོལ་དཀར་ཆག་ནང་མ་ཚུད་པའི་ལུགས་མཐུན་གྱི་སྨན་བཅོས་འགྲོ་གྲོན་འགན་སྲུང་ཁྱབ་ཁོངས་ནང་འཇུག་རྒྱུར་སྐུལ་མ་གཏོང་དགོས། རིམ་པས་བཞིན་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དེ་བདེ་ཐང་འགན་བཅོལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
        གཉིས་ནས། ཚོང་ལས་རྒན་གསོའི་འགན་བཅོལ་རྒན་གསོའི་འགན་སྲུང་གི་ཕྱོགས་གསུམ་འདེགས་སྐྱོར་ནང་འཇུག་དགོས། འགན་བཅོལ་ནང་ཞུགས་རྒྱུ་སྟབས་བདེ་བ་དང་འགྲོ་གྲོན་སྐྱེལ་བདེ་བ། ཕན་འབྲས་མངོན་ཆེ་བ་བཅས་ཀྱི་རྒན་གསོའི་འགན་བཅོལ་གསར་བཟོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། ལོ་དངུལ་ཅན་གྱིས་ལེན་པའི་འགན་བཅོལ་ཐོན་རྫས་གོང་འཕེལ་ཧུར་ཐག་གཏོང་དགོས། ཐོན་ལས་གསར་པ་དང་ལས་སྒོ་གསར་པའི་ལས་མི་དང་སྟབས་བསྟུན་ལས་ཞུགས་མི་སྣའི་དགོས་མཁོར་གཞིགས་ཏེ་དེ་དང་འཚམས་པའི་ཁ་གསབ་རྒན་གསོའི་འགན་བཅོལ་ཐོན་རྫས་གསར་བཟོ་བྱེད་དགོས། འགན་བཅོལ་ལས་རིགས་ཀྱིས་ཡུན་རིང་བདག་སྐྱོང་འགན་བཅོལ་ཚོད་ལྟའི་ས་ཚིགས་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས།
        གསུམ་ནས། འགན་བཅོལ་མ་དངུལ་གྱི་ཡུན་རིང་མ་འཇོག་ནུས་པ་ཆེ་རུ་གཏོང་དགོས་པ་དང་། འགན་བཅོལ་མ་དངུལ་མགོ་བདེ་བླགས་ཚོང་ཅན་དུ་འགྱུར་རྒྱུར་སྔོན་འགོག་བྱེད་པ་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འགན་བཅོལ་མ་དངུལ་གྱི་མ་འཇོག་ཁེ་དབང་རིགས་ཀྱི་རྒྱུ་ནོར་ལ་ཧེ་བག་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་པའི་བསྡུར་གྲངས་བཟོ་དགོས་པ་དང་ཆེས་མང་ཤོས་ལ་ཀུང་སིའི་སྤྱིའི་རྒྱུ་ནོར་གྱི་བརྒྱ་ཆ་45ཟིན་པར་བྱེད་དགོས། འགན་བཅོལ་མ་དངུལ་རྨང་གཞིའི་སྒྲིག་བཀོད་དང་རྣམ་པ་གསར་པའི་གྲོང་རྡལ་ཅན་སོགས་ཀྱི་ལས་གཞི་ཆེ་གྲས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས་པ་དང་། དངོས་གཟུགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱེད་དགོས། འབྲེལ་ཡོད་ཉོ་ཚོང་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས་པ་དང་། འགན་བཅོལ་ཀུང་སིའི་མ་དངུལ་སྒེར་སྤྱོད་དང་གཡོ་ལེན་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་བྱ་རྒྱུར་ལྟ་སྐུལ་དོ་དམ་བྱེད་པའི་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་སྨན་བཅོས་འགན་བཅོལ་ཚན་པ་དང་དམིགས་བཙུགས་སྨན་རྫས་ཚན་པ། འགན་བཅོལ་ནང་ཞུགས་མཁན་གྱི་མི་སྣ་སོགས་ཀྱི་དབང་ཆ་དང་འགན་འཁྲི་གཏན་འཁེལ་བྱས་ཡོད། དམངས་ཕན་རྩ་དོན་ལྟར་སྨན་བཅོས་འགན་སྲུང་ཞབས་ཞུ་ཤུགས་ཆེར་གཏོང་བ་དང་། དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་མ་དངུལ་རྩིས་ཞུ་དང་གཏོང་སྤྲོད་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་བླང་བྱ་བཏོན་པ། གསོ་རིག་ཡིག་ཆ་རྫུན་བཟོ་དང་བཟོ་བཅོས་རྒྱག་པའམ་གསོ་རིག་ཞབས་ཞུ་རྫུན་བཟོ་སོགས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གྱི་མ་དངུལ་ཐོབ་ཐབས་བྱ་རྒྱུ་གཏན་འགོག་བྱེད་པ། སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྨན་བཅོས་འགན་བཅོལ་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་དགོས་པའི་གཏན་འབེབས་བྱས་ཡོད།
        གྲོས་ཚོགས་ཐོག་བཙོག་འབུད་ཆོག་འཐུས་དོ་དམ་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། བཙོག་འབུད་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་པའི་ཞིབ་མཆན་འགོད་པའི་གོ་རིམ་ཚད་ལྡན་བཟོ་བ་དང་། བཙོག་འབུད་ཚན་པས་ཟུར་བཙུགས་རྩིས་ཁྲའི་ལམ་ལུགས་འཛུགས་པ་དང་། འབུད་བཤངས་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་བླང་བྱ་བཏོན་པ་དང་། ལས་དོན་ཁྲོད་དང་ལས་དོན་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཏེ་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་མ་གནས་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1