༄༅། །རེ་བའི་འབྲས་བཟང་སྨིན་པའི་དུས་ཚིགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-18


   

            དབྱར་གྱི་དུས་ཚིགས་དལ་གྱིས་བཞུད་པའི་གོམ་ཁ་དང་མཉམ་དུ། སྟོན་གྱི་བུ་མོ་འཛུམ་མདངས་དང་འགྲོགས་ནས་སླེབས་བྱུང་། ས་གཞི་ཆེན་མོས་ལྗང་མདོག་གི་གོས་ལྭ་ཕུད་ནས་གསེར་མདོག་གི་སྒེག་ཉམས་མངོན། ཡོད་ཚད་རེ་བ་དང་འབྲས་བཟང་གིས་བཀླུབས་པའི་དུས་འདིར་རྔ་བ་དང་དཀར་མཛེས། ལའང་ཧྲན་མུ་ལི་སོགས་བོད་ཁུལ་གྱི་སོ་ནམ་པ་རྣམས་སྟོན་བསྡུའི་ལས་ལ་བྲེལ་བའི་དུས་ཚིགས་དང་རེ་བའི་འབྲས་བུ་སྨིན་པའི་རྫོགས་ལྡན་གྱི་དུས་བཟང་ཞིག་རེད། སྟོན་བསྡུ་ཡི་ལས་ཀ་གོ་རིམ་ཡོད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་ཆེད། སི་ཁྲོན་གྱི་ས་ཁུལ་སོ་སོ་དང་རྫོང་སོ་སོས་རྩ་འཛུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྟོན་བསྡུའི་ལས་འགོ་ཚུགས། སྟོན་བསྡུ་ཚོ་ཆུང་གྲོང་སྡེ་དང་ཞིང་ནང་དུ་བསྐྱོད་དེ་ཞིང་པ་རྣམས་ལ་དུས་ཐོག་ཏུ་སྟོན་བསྡུ་བྱེད་པར་སྐུལ་སློང་བྱས། ཁོ་ཚོས་ས་གནས་དང་གནམ་གཤིས་ཀྱི་གནས་ཚུལ་དངོས་དང་མཐུན་པའི་སྒོ་ནས་ལོ་ཏོག་བསྡུ་ཚད་ཀྱང་ཇེ་མགྱོགས་སུ་བཏང། ནས་འབྲུའི་རིགས་མི་འདྲེས་པའི་སྒོ་ནས་བསྡུ་བ་དང་བརྡུང་བ་། ཉར་བ་སོགས་བྱེད་དགོས་པའི་བླང་བྱ་བཏོན་ནས་སང་ལོའི་འབྲུ་རིགས་ཀྱི་སྤུས་ཚད་ཁག་ཐེག་ཡོང་བར་གཏན་འཁེལ་བྱས།

            བོད་ཁུལ་དུ་ཞིང་ལས་ཀྱི་ཐོན་ཁུངས་གཙོ་བོ་ནི་ནས་ཡིན་ལ། ལོ་གཅིག་ལ་ཐེངས་གཅིག་བསྡུ་ཆོག་པ་རེད། ས་གནས་མང་ཆེ་སར་སྟོན་ཀ་ནི་འབྲས་བཟང་སྨིན་པའི་དུས་ཚིགས་ཡིན་པས་སྟོན་ཕྱུག་མ་ཞེས་དམངས་ཁྲོད་དུ་འབོད་སྲོལ་ཡོད། སྟོན་བསྡུའི་ལས་ཀ་སྤེལ་སྟངས་དེ་ཡུལ་སོ་སོ་དང་སྡེ་བ་སོ་སོར་ཁྱད་པར་ཡོད་ཅིང་གླ་རྔན་སྟེར་བའམ་ཡང་ན་སྡེ་བའི་གཉེན་ཉེ་དང་ཁྱིམ་མཚེས་གྲོགས་པོ་སོགས་ཀྱིས་རོགས་བྱས་ནས་ལོ་ཏོག་བསྡུ་བཞིན་ཡོད། སྔོན་ཆད་ལོ་ཏོག་བསྡུ་པའི་སྐབས་སུ་གཙོ་བོ་ལག་བསྡུ་ཡིན་ལ། ད་ལྟ་འཕྲུལ་ཆས་ཀྱིས་བསྡུ་བ་མང་ཤོས་ཡིན། སྟོན་བསྡུ་ཚར་རྗེས་ཞིང་ས་གཤིན་པོར་ལོ་རྗེས་མར་ལོ་ཏོག་ལེགས་པོ་སྨིན་ཆེད་སྟོན་ལོག་དང་དཔྱིད་ལོག་རྒྱག་པའི་སྲོལ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1