ཞི་ཅིན་ཕིང་གིས་ཅིན་ཀྲིན་ཨིན་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་ཁ་པར་བཏང་ནས་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-12


        ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་ཀྲིན་ཨིན་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་ཁ་པར་བཏང་ནས་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པས་བློ་མཐུན་ཅིན་ཀྲིན་ཨིན་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་མིང་བཏོན་འདེམས་བསྐོ་བྱས་པ་ཤེས་རྗེས། ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་མི་སྒེར་གྱི་མིང་ཐོག་ནས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན།
        ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པས་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་ཐད་བཀོད་སྒྲིག་རབ་དང་རིམ་པ་བྱས་པར་དོན་སྙིང་ཆེན་པོ་ལྡན། ཅིན་ཀྲིན་ཨིན་ཡང་བསྐྱར་ཁྲའོ་ཞན་ངལ་རྩོལ་ཏང་གི་ཆེས་མཐོའི་གཙོ་འཛིན་དུ་བདམས་པ་དེས། ཁྲའོ་ཞན་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས་དང་ཁྲའོ་ཞན་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་ལ་ཡིད་རྟོན་དང་གོང་བཀུར། རེ་ལྟོས་བྱེད་ཀྱིན་པ་མངོན་པར་མཚོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1