བྲག་མགོ་རྫོང་གིས་ནུས་རྩལ་གསོ་སྦྱོང་ལ་ཤུགས་བརྒྱབ་སྟེ་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-14


བྲག་མགོ་རྫོང་གིས་ནུས་རྩལ་གསོ་སྦྱོང་ལ་ཤུགས་བརྒྱབ་སྟེ་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཏང་།

ཁ་ལོ་བར་རིགས་གཞུང་གསོ་སྦྱོང་བྱེད་བཞིན་པའི་ཚུལ།

       ད་ལྟར་ཁ་ལོ་བའི་ལག་ཁྱེར་འདི་ཡོད་རྗེས་ང་རང་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ལ་སྐྱོད་ཐུབ་ངེས་རེད་ཅེས་ཁ་ལོ་བའི་ལག་ཁྱེར་བླངས་ཟིན་པའི་བྲག་མགོ་རྫོང་ལི་ཁོག་མ་སྨད་མའི་ཡུལ་ཤོག་གི་དབུལ་པོ་བློ་བཟང་གིས་དགའ་སྤྲོའི་ངང་དེ་ལྟར་བཤད། སྔོན་ཆད་ལག་རྩལ་ཅི་ཡང་མེད་པའི་བློ་བཟང་བྲག་མགོ་རྫོང་ཁམས་བྱང་ཧོར་ཁ་ལོ་བའི་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་གིས་གཉེར་བའི་ཁ་ལོ་བའི་གསོ་སྦྱོང་ཁྲོད་དུ་ཞུགས་རྗེས་འཚོ་བ་གསར་པའི་མགོ་ཚུགས་པ་རེད།

     འདི་འདྲའི་འགྱུར་ལྡོག་བྱུང་བ་ནི་རྫོང་དེའི་ཁམས་བྱང་ཧོར་ཁ་ལོ་བའི་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་གིས་བྲག་མགོ་རྫོང་སྲིད་གཞུང་དང་མཉམ་དུ་དུད་ཚང་དབུལ་ཕོངས་ལ་ནུས་རྩལ་དང་། ལས་ཞུགས། འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་གསར་པ་ཁྱབ་སྤེལ་བཏང་བ་ལ་རག་ལས་ཀྱི་ཡོད། ལོ་མང་རིང་རྫོང་དེའི་ཁམས་བྱང་ཧོར་ཁ་ལོ་བའི་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ལ་ཚད་མཐུན་གྱི་ཁ་ལོ་བ་གསོ་སྐྱོང་བྱེད་ཐུབ་པ་དེ་རང་ཉིད་ཀྱི་འགན་འཁྲི་ཡིན་པ་བརྩི་བ་དང་། སློབ་མ་རྣམས་ཡིད་མཐུན་བྱུང་མིན་དེ་ལས་ཀའི་དམིགས་ཚད་ཁོ་ནར་བྱས་པ་རེད། ན་ལོར་སྤྱི་གཉེར་ཁང་དེས་རིམ་བརྩིས་ཀྱིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་ཀྱི་སློབ་རིན་སྒོར་ཁྲི300ཆག་ཡང་དང་རྩ་ཆག་བཏང་བ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས300ལ་ཕན་འབྲས་ཐོབ་པའི་རོགས་བྱས་ཏེ་དུད་ཚང་དབུལ་ཕོངས་ཀྱི་ཡོང་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད། དུས་མཚུངས་སུ་སྤྱི་ཚོགས་ཀྱི་རོགས་སྐྱོར་ནུས་པ་གང་ལེགས་བཏོན་ཏེ་རིམ་རྩིས་ཀྱིས་དབུལ་སྐྱོར་རྒུད་སྐྱོབ་ཀྱི་འཚམས་འདྲིའི་བྱེད་སྒོ་ཐེངས20སྤེལ་བ་དང་། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་དག་སློབ་གྲྭར་ལས་ཞུགས་བྱ་རྒྱུ་གདན་ཞུ་བྱས་ནས། རིམ་རྩིས་ཀྱིས་ལས་གནས10མཁོ་སྤྲོད་བྱས་ཏེ་ངལ་ལས་གླ་ཕོགས་སྒོར་ཁྲི10སྤྲད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1