དཀར་མཛེས་གེ་སར་གནམ་ཐང་དུ་སླར་ཡང་མཁའ་ལམ་གསར་པ་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-15



       ཟླ་དང་པོའི་ཚེས12ཉིན། སི་ཁྲོན་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ3U8174རྟགས་ཅན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གེ་སར་གནམ་ཐང་དུ་ག་ལེར་མར་བབས་པ་དང་བསྟུན་ནས། ཁྲུང་ཆིང་ནས་གེ་སར་གནམ་ཐང་བར་གྱི་མཁའ་ལམ་དུ་གནམ་གྲུ་ཐེངས་དང་པོར་ཤར་གཏོང་ཐུབ་པ་རེད། དེ་ནི་ཁྲེང་ཏུའུ་དང་། ལྷ་ས། ཞ་མོན། ཁུན་མིང་བཅས་བར་ཀྱི་མཁའ་ལམ་ཤར་གཏོང་ཐུབ་རྗེས་ཡང་བསྐྱར་གེ་སར་གནམ་ཐང་བར་བཏོད་པའི་མཁའ་ལམ་གསར་པ་ཞིག་རེད།
       ཉིན་དེའི་ཉིན་གུང་གི་ཆུ་ཚོད12དང་སྐར་མ34ཡི་སྟེང་དུས་གཏན་གནམ་གྲུ་དཀར་མཛེས་ལ་བདེ་བླག་ངང་འབྱོར་ཞིང་། ཁྲུང་ཆིང་ནས་གནམ་གྲུར་བསྡད་དེ་ཐད་ཀར་སྐྱོད་མཁན་གྱི་འགྲུལ་པ་ཁག་དང་པོའི་གྲས་ཏེ་དཀར་མཛེས་ས་ཆར་ཚོང་ལས་གཉེར་མཁན་སྐུ་ཞབས་ཧྥང་ལགས་ཀྱིས་བརྗོད་དོན། དེ་སྔོན་དཀར་མཛེས་ནས་ཁྲུང་ཆིང་བར་ཉིན་གཉིས་ཀྱི་དུས་ཚོད་དགོས་ཀྱི་ཡོད། ད་ལྟ་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་འགོར་གྱི་མེད་པ་མ་ཟད། གནམ་གྲུའི་སྤ་སེའི་རིན་གོང་ཡང་ཅུང་ཁེ་པོ་ཡོད་པས། ཧ་ཅང་སྟབས་བདེ་པོ་རེད་ཅེས་བཤད། 
       ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་འདིར་གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་གནམ་གྲུ་གཏོང་བ་དང་། ཁྲུང་ཆིང་ནས་གེ་སར་གནམ་ཐང་དུ་འཕུར་བའི་དུས་གཏན་གནམ་གྲུ་ཆུ་ཚོད11:15སྟེང་འཕུར་བ་དང་། ཆུ་ཚོད12:45སྟེང་ཐོན་ཐུབ་ལ། གེ་སར་གནམ་ཐང་ནས་ཁྲུང་ཆིང་བར་གྱི་དུས་གཏན་གནམ་གྲུ་ནི་ཆུ་ཚོད13:45སྟེང་འཕུར་བ་དང་། ཆུ་ཚོད15:15སྟེང་ཐོན་ཐུབ་ངེས་རེད། མཁའ་ལམ་དེ་ཤར་གཏོང་ཐུབ་པ་དེས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སླེབས་ངེས་པ་མཚོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1