ཁམས་པའི་བརྙན་འཕྲིན་ཁང་གི་2021ལོའི་ལོ་གསར་དགོང་ཚོགས་སྐོར་གྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-19



   ལོ་ལྟར་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་གསར་དགོང་ཚོགས་ནི་བོད་འབྲེལ་ས་ཁུལ་གྱི་གཟིགས་མོ་བ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་ལོ་གསར་སྐབས་མེད་དུ་མི་རུང་བའི“བསམ་བློའི་ཟས་མཆོག”ཅིག་རེད། ད་ལོའི་བོད་རབ་རྒྱན་ལྕགས་གླང་ལོའི་ལོ་གསར་བརྙན་འཕྲིན་སྤྲོ་ཚོགས་ཀྱང་དེ་ལས་མ་འདས་ཏེ། སྙན་འགྱུར་ལྡན་པའི་གླུ་གར་དང་གསར་གཏོད་ལྡན་པའི་ལེ་ཚན་གྱིས་ཁྱེད་དང་མཉམ་དུ་སྤྲོ་གསེང་གཏོང་རྒྱུ་རེད། 
   ད་ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་ནི་ཁམས་པའི་བརྙན་འཕྲིན་ཁང་དང་། སི་ཁྲོན་མི་རིགས་འཕྲིན་ལམ་མཉམ་འབྲེལ་བྱས་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་དང་ཉག་རོང་རྫོང་ས་ཁུལ་གཉིས་སུ་མཉམ་དུ་སྤེལ་རྒྱུ་རེད། ལོ་གསར་བརྙན་འཕྲིན་སྤྲོ་ཚོགས་《དགའ་སྐྱིད་གཡང་ལོ》ནི་ཟླ་1ཚེས་19ཉིན་ཕབ་སྐྲུན་བྱ་རྒྱུ་དང་། ཟླ་2ཚེས་12ཉིན་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་སྟོན་རྒྱུ་རེད། ཐེངས་འདིའི་དགོང་ཚོགས་ལ་ཁྱོན་བསྡོམས་《མཛེས་སྡུག་ལྡན་པའི་ཁྱིམ་གཞིས》《བདེ་སྐྱིད་ལྡན་པའི་མཐོ་སྒང》《དུས་རབས་གསར་པར་བསྐྱོད་པ》བཅས་ལེའུ་གསུམ་ཡོད་ཅིང་། དེའི་ནང་དུ་གླུ་གར་དང་ལྷ་མོ། ལྗོངས་རྣམ་འཁྲབ་སྟོན་སོགས་ལེ་ཚན་30ཡོད་ཅིང་། རྒྱལ་ཁབ་ཀྱི་དོན་ཆེན་དང་དུས་རབས་ཀྱི་གླེང་བྱ་མང་ཤོས། མི་སེར་ཕལ་བའི་དམངས་འཚོ་སོགས་ནང་དོན་མང་པོ་འདུས་ཡོད། 
   བརྙན་འཕྲིན་སྤྲོ་ཚོགས་ཀྱི་སྤྱིའི་འཁྲབ་ཁྲིད་པ་ཀྲུའུ་དབྱི་ཧྥང་གིས། ད་ལོ་ནི་རྒྱུན་ལྡན་མ་ཡིན་པའི་ལོ་ཞིག་རེད། ཏོག་གསར་གློ་ཚད། དབུལ་སྒྲོལ་འགག་སྒྲོལ་སོགས་དོན་ཆེན་མང་། ང་ཚོའི་བོད་འབྲེལ་ས་ཁུལ་དུ་ཚང་མས་མཐུན་སྒྲིལ་བྱེད་ཅིང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རྟག་ཏུ་གནས་ཡོད། བོད་ཀྱི་ལོ་གསར་སླེབས་པའི་དམིགས་བསལ་དུས་ལ། འཁྲབ་ཁྲིད་ཚོ་ཆུང་གིས་“བོད་ཀྱི་ལོ་གསར་དགོང་ཚོགས”ཀྱི་བྲོ་གར་བརྒྱུད་ནས། ཕུན་སུམ་ཚོགས་ཤིང་རིམ་པ་ལྡན་པའི་ལྟ་ཉན་གསོལ་སྟོན་གཟབ་རྒྱས་ཤིག་སྟོན་རྒྱུའི་རེ་བ་ཡོད་པ་དང་། དེ་ལ་བརྟེན་ནས་འདི་ལོའི་བོད་འབྲེལ་ས་ཁུལ་གྱི་འགྱུར་ལྡོག་དང་གསར་གཏོད། འཕོ་འགྱུར་མཚོན་པར་བྱེད་པ་དང་། ཚང་མས་“བོད་ཀྱི་ལོ་གསར་དགོང་ཚོགས”བརྒྱུད་ནས་རྒྱལ་ཁབ་ཀྱི་འགྱུར་མེད་མདུན་སྐྱོད་ཀྱི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ཚོར་ཐུབ་པ་དང་། གངས་ལྗོངས་མཐོ་སྒང་གི་བདེ་སྐྱིད་ཚོར་ཐུབ་པ་བྱ་རྒྱུ་རེད།  
   ཉེ་བའི་ལོ་བཅུའི་རིང་། ཁམས་པའི་བརྙན་འཕྲིན་ཁང་གིས་སྒྲུབ་པའི “ལོ་གསར་དགོང་ཚོགས”ནི་བོད་རིགས་མི་དམངས་ཀྱི་ཐུན་མོང་གི་ཕྱི་དྲན་ལ་གྱུར་ཡོད་ཅིང་། དེ་ནི་དགོང་ཚོགས་གཅིག་རྐྱང་མིན་པར། བོད་རིགས་མང་ཚོགས་ཀྱིས་བོད་ཀྱི་ལོ་གསར་རོལ་བའི་དུས་རབས་གསར་པའི་དར་སྲོལ་གསར་པ་ཞིག་དང་། ལོ་གསར་རིག་གནས་མཛད་སྒོ་སྤེལ་སྟངས་གསར་པ་ཞིག་ཀྱང་རེད། དེས་ན་ད་ལོར་གྲོགས་པོ་ལྷན་རྒྱས་ཀྱིས་འཁྲབ་སྟོན་ཇི་འདྲ་ཞིག་རེ་སྒུག་བྱེད་བཞིན་ཡོད་དམ། (http://tibet.people.com.cn/15835096.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1