སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་དེང་རབས་ཀྱི་ནགས་ལས་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-23


               སྤྱི་ཟླ་12པའི་ཚེས་22ཉིན།  སི་ཁྲོན་ཞིང་ཆེན་མའོ་རྫོང་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་དང་བྱང་བུ་གནང་བ་བརྒྱུད་ནགས་ལས་ཐོན་ལས་དར་བའི་རྫོང་ཞེས་པའི་མཚན་སྙན་ཐོབ། ཞིང་ཆེན་སྲིད་གཞུང་གིས་ཝུན་ཁྲོན་དང་ཆུ་ཆེན་རྫོང་གཉིས་ནི་དེང་རབས་ཀྱི་ནགས་ལས་ཐོན་ལས་འཛུགས་སྐྲུན་གཙོ་བོར་བྱེད་པའི་རྫོང་ཞེས་གཏན་འབེབས་བྱས་ཡོད་པ་དང་། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་ཀར་སྐུལ་འདེད་བྱེད་པའི་ཁྲོད་དུ། རྔ་བ་ཁུལ་གྱིས་དོན་དངོས་ཐོག་དེང་རབས་ཀྱི་ནགས་ལས་འཛུགས་སྐྲུན་གཙོ་བོར་བྱེད་པའི་རྫོང་འཛུགས་པར་ཤུགས་སྣོན་བྱས་ཡོད་ལ། དེང་རབས་ཀྱི་ནགས་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཟབ་སྤེལ་བྱས་ཏེ། ནགས་ལས་ཞིང་སྐྱོར་ཀྱི་ཡོང་འབབ་འཕར་བའི་ཆུ་ཚད་མུ་མཐུད་ནས་གོང་འཕེལ་གཏོང་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1