༄༅། །དགེ་རྒན་གྱིས་སློབ་མར་གཅར་རྡུང་བྱས་ཏེ་དབང་པོ་སྐྱོན་ཅན་དུ་བཏང་ན་ཇི་ལྟར་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-23


                 དགེ་རྒན་གྱིས་སློབ་མར་གཅར་རྡུང་བྱས་ཏེ་དབང་པོ་སྐྱོན་ཅན་དུ་བཏང་བའི་གནས་ཚུལ་བྱུང་ན་ཁྱིམ་བདག་གིས་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་ཡར་ཞུ་བྱ་དགོས་པར་མ་ཟད། དགེ་རྒན་དང་སློབ་གྲྭས་མཉམ་དུ་དམངས་དོན་སྐྱིན་ཚབ་འགན་འཁྲི་དང་ལེན་བྱེད་པའི་རེ་བ་བཏོན་ཆོགཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དགེ་རྒན་བཅའ་ཁྲིམས་ཀྱི་དོན་ཚན་37པའི་གཏན་འཁེལ་ལྟར་ན། དགེ་རྒན་གྱིས་སློབ་མའི་ལུས་ཕུང་སྟེང་ཆད་པ་བཅད་ནས་གནས་ཚུལ་ཚབས་ཆེན་བཟོས་ཏེ་ནག་ཉེས་སུ་གྲུབ་ཡོད་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས། དམངས་དོན་ཁྲིམས་སྲོལ་གྱི་དོན་ཚན་119པའི་གཏན་འཁེལ་ལྟར་ན། སྤྱི་དམངས་ཀྱི་ལུས་ཕུང་ལ་གནོད་འཚེ་བཟོས་ན་སྨན་བཅོས་འགྲོ་གྲོན་གྱི་སྐྱིན་ཚབ་འཇལ་འོས་ལ། ལས་ཆག་ཐེབས་པའི་གྱོང་གུད་ཀྱི་སྐྱིན་ཚབ་འགྲོ་གྲོན་དང་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་སྣོན་སོགས་ཀྱི་འགྲོ་གྲོན་ཡང་སྟེར་དགོས། ད་དུང་འབྲེལ་ཡོད་གཏན་འཁེལ་ལྟར་ན་སློབ་གྲྭ་རུ་འཚོ་བ་རོལ་བ་དང་སློབ་སྦྱོང་བྱེད་བཞིན་པའི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ལ་གནོད་འཚེ་ཐེབས་ཚེ། ལས་ཁུངས་ལ་སྐྱོན་ཆ་ཡོད་ན་ལས་ཁུངས་དེར་བཀའ་ཕབ་སྟེ་འོས་འཚམ་གྱི་སྐྱིན་ཚབ་སྤྲད་དུ་འཇུག་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1