༄༅།།སྦལ་པས་ཆུ་བྱ་བསད་པ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 02-02


       ཆུ་འགྲམ་ཞིག་ན་ཆུ་བྱ་རྒད་པོ་ཞིག་ཡོད།དེ་གྲོད་པ་ལྟོགས་པའི་ཉེན་ཁའི་སྐབས་ནུས་པ་ཆུང་བའི་ཉ་ཞིག་ཡོད་པ་དེ་ལ།ཁྱོད་ཀྱི་ངོ་གདོང་འདི་ལྟར་སྐྱོ་བས་ཉེས་སྐྱོན་གང་བྱུང་ངམ།ཞེས་དྲིས་པར་ཉས།གང་འདུག་གམ།ཞེས་ལན་བཏབ།  ཆུ་བྱས།ཁྱེད་ཚོ་ཚང་མ་ཤི་རན་འདུག  རྒྱུ་མཚན་གང་ཡིན་ཟེར་ན།ཆུ་འདི་ཚང་མ་སྐམ་ཉེན་འདུག་པས་ང་ལའང་ཟས་མེད་པར་འགྱུར་བ་འདུག  ཅེས་བཤད། དེར་ཉ་ལ་སོགས་པ་རྣམས་འདུས་ཏེ་ཆུ་བྱ་ལ་སྐྱབས་བཅོལ་ཞུས།ཆུ་བྱས།  ལ་འདིའི་ཕ་རོལ་ན་མཚོ་ཡག་པོ་ཞིག་འདུག  ངས་ལམ་སྣེ་འཁྲིད་ཆོག ཚང་མ་དེར་འགྲོ།ཞེས་བཤད།ཉ་དེས་ང་དེར་འགྲོ་ག་ལ་ཐུབ།ཁྱོད་རང་གིས་ཤེས།ཞེས་ལན་བཏབ།  ཆུ་བྱས།དེ་ནས་ངས་རེ་རེ་བྱས་ཏེ་ཁྱེར་ནས་བསྐྱལ་ཆོག་ཅེས་ཟེར་བས་དེར་ཚང་མ་བློ་མཐུན།ཁོས་ཉ་རེ་རེ་བྱས་ཏེ་ཁྱེར་ནས་རྒྱང་རིང་པོའི་ས་ན་རྡོ་ལེབ་ཅིག་ཡོད་པ་དེའི་སྟེང་དུ་བཟས།དེ་འདྲ་བྱས་ཏེ་ཐེངས་གཅིག་བུ་ལེར་ཀ་ཟེར་བའི་སྦལ་པ་ཞིག་ཡོད།དེས་ཀྱང་ཕར་སྒྲོལ་རོགས་ཞེས་བཤད་པ་ལྟར་ཁྱེར་ནས་སོང་སྟེ་རྡོ་ལེབ་ཀྱི་སྟེང་དུ་བཞག་པས་སྦལ་པ་དེས་དོན་སྔ་མ་རྣམས་ཤེས་ཏེ་ཆུ་བྱ་སྐེ་བཙིར་བཏང་སྟེ་བསད།   དེར་གནས་པའི་སྲོག་ཆགས་རྣམས་ཀྱི་མདུན་དུ་འདོད་པ་ཆེ་བའི་ཆུ་བྱ་དེ་སྦལ་པ་བུ་ལེར་ཀས་བསད་ཅེས་ཟེར་རོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1