དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་བརྟན་པོ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-05




དཀར་མཛེས་ཁུལ་དམངས་ཆེན་གྱི་འཐུས་མི། སྡེ་རོང་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེང་རེན་ཏེ་ལ་བཅར་འདྲི་ཞུ།

དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་བརྟན་པོ་བྱས།

ཁྲེང་རེན་ཏེས་གཞི་རིམ་དུ་བརྟག་ཞིབ་བྱེད་བཞིན་པ།




ཡིག་ཚགས།

        ཁྲེང་རེན་ཏེ། ད་ལྟ་སྡེ་རོང་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ། སྔོན་ཆད་ཐེངས་བཞི་ལ་ཁུལ་མི་དམངས་ཆེན་གྱི་འཐུས་མི་ཚོགས་ཆེན་ནང་ཞུགས་མྱོང་བ་རེད། ཁོས་བསམ་ན་ཁུལ་དམངས་ཆེན་གྱི་འཐུས་མིའི་འགན་འཁྲི་སྒྲུབ་གང་ཐུབ་བྱ་རྒྱུ་ནི་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་ལེན་དོན་འཁྱོལ་ནན་ཏན་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་རྟོག་ཞིབ། ལྟ་སྐུལ་སོགས་ཀྱི་ལས་དོན་སྤེལ་བར་བརྒྱུད། གཞི་རིམ་གྱི་གནས་ཚུལ་འཚོལ་སྡུད་ལེགས་སྒྲིག་བྱས་ནས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་སྡེ་རོང་དང་། དེ་བཞིན་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐུལ་སྤེལ་གཏང་རྒྱུའི་གྲོས་འགོ་བཏོན་ནས་གནས་མཆོག་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་འབུལ་རྒྱུ་དེ་ཡིན་པ་རེད།

གཏམ་རྒྱུད།

        ནགས་ཚལ་དང་རྩྭ་ཐང་མེ་འགོག ཉེན་མེད་ཐོན་སྐྱེད་ཀྱི་ལས་དོན། འབྲུ་རིགས་གསོག་འཇོག་གཙང་བཤེར་དང་འབྲུ་རིགས་ཉེན་མེད། སྡེ་རོང་རྫོང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་ཡུལ་གྱི་རྩ་གནད་བསམ་འཆར་བསྡུ་ལེན་བྱས་པ། ལས་གཞིའི་དོ་དམ་སྦྲེལ་མཐུད་བྱ་རྒྱུའི་ལས་དོན་ལ་སོགས་པ་སྤེལ་བ་རེད། གོང་སྨོས་ཀྱི་ལས་དོན་ཐག་གཅོད་ཡག་པོ་བྱས་པའི་དུས་མཚུངས་སུ།ཁུལ་དམངས་ཆེན་གྱི་འཐུས་མི། སྡེ་རོང་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེང་རེན་ཏེ་ཡིས་ད་དུང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་འཚོག་པར་གྲ་སྒྲིག་ཡག་པོ་བྱས་ཡོད་པ་རེད།

        སྔོན་ཆད་ཐེངས་བཞི་ལ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ནང་ཞུགས་མྱོང་ཞིང་། ཁྲེང་རེན་ཏེ་ཡིས་བསམ་ཚུལ་ལ་ཁུལ་དམངས་ཆེན་གྱི་འཐུས་མིའི་འགན་འཁྲི་སྒྲུབ་གང་ཐུབ་བྱ་རྒྱུ་ནི་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་ལེན་དོན་འཁྱོལ་ནན་ཏན་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་རྟོག་ཞིབ། ལྟ་སྐུལ་སོགས་ཀྱི་ལས་དོན་སྤེལ་བར་བརྒྱུད།གཞི་རིམ་གྱི་གནས་ཚུལ་འཚོལ་སྡུད་ལེགས་སྒྲིག་བྱས་ནས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་སྡེ་རོང་དང་། དེ་བཞིན་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐུལ་སྤེལ་གཏང་རྒྱུའི་གྲོས་འགོ་བཏོན་ནས་གནས་མཆོག་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་འབུལ་རྒྱུ་དེ་ཡིན་པ་རེད།

        ཁུལ་མི་དམངས་མི་ཚོགས་ཆེན་ནང་ཞུགས་ཐེངས་རེ་ལ།ཁྲེང་རེན་ཏེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་སྡེ་རོང་རྫོང་གི་དོན་དངོས་གཉིས་ཟུང་འབྲེལ་བྱས་ནས་བསམ་གཞིགས་དང་ཞིབ་འཇུག་བྱས་སྲོལ་ཡོད་པ་རེད། ད་ལོའང་དེ་ནང་བཞིན་ཁྲེང་རེན་ཏེ་ཡིས་དོ་ཁུར་བྱ་ཡུལ་འདི་ཅི་འདྲ་བྱས་ནས་རང་ཁུལ་གྱི་དཔལ་འབྱོར་ལེགས་སྒྱུར་བྱ་རྒྱུ་དང་།ཅི་འདྲ་བྱས་ནས་རྒྱལ་ཁབ་ཀྱི་མ་དངུལ་གཏོང་འཇོག་བྱས་ནས་སྐུལ་ཁྲིད་བྱས་པར་བརྟེན་པའི་རྣམ་པ་འདི་ཁེ་ལས་ཀྱིས་གཙོ་གནད་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་བསྒྱུར་རྒྱུ། ཅི་འདྲ་བྱས་ནས་ཤེས་ཡོན་མི་སྣ་མི་འདང་བའི་དཀའ་གནད་ཐག་གཅོད་བྱ་རྒྱུ་བཅས་ཡིན་པ་རེད།

ཁྲེང་རེན་ཏེ་ཡིས་སྨྱུག་འཛིན་པར་བཤད་དོན། དུས་ཡུན་རིང་པོ་ནས་བཟུང་།དཔལ་འབྱོར་ལེགས་སྒྱུར་དང་ཤེས་ཡོན་མི་སྣ་བཀོལ་སྤྱོད་བྱེད་སྟངས་ནི་སྔོ་ནས་ད་བར་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དོ་མཉམ་བྱེད་ཡས་ཀྱི་འགག་རྩ་ཡིན་པ་རེད།དེ་གཉིས་འཕེལ་ཕྱོགས་ཡག་མིན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་བརྟན་པོ་ཡོང་མིན་དང་ཐད་ཀར་འབྲེལ་བ་ཡོད་པ་རེད།དེར་བརྟེན། དཔལ་འབྱོར་ལེགས་སྒྱུར་དང་ཤེས་ཡོན་མི་སྣ་བཀོལ་སྤྱོད་བྱ་རྒྱུའི་འབྲེལ་ཡོད་ལས་དོན་ལ་ལས་ཆོད་མཐོན་པོའི་སྒོ་ནས་ལེགས་སུ་འགྲུབ་ན་ད་གཟོད་སྡེ་རོང་དང་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་ངེས་རེད།དེ་དང་ཆབས་ཅིག འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་གཞི་རྩའི་ཁེ་དབང་འགན་སྲུང་བྱས་ཏེ་ཁེ་ལས་ཀྱིས་གསར་སྤེལ་གསར་གཏོད་བྱས་པར་སྐུལ་མ་གཏོང་བར་བརྟེན། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱ་དགོས་པ་དེ་རེད།

        "ཐེངས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་ནང་ཞུགས་དུས་ངའི་ལས་འགན་གཙོ་བོ་ནི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་གྱི་ཉིང་བཅུད་ལ་གོ་བ་ཟབ་མོ་ལེན་རྒྱུ་དང་། སྡེ་རོང་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་གཞིགས་བྱེད་པར་བརྟེན། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་བརྟན་པོ་འདིང་གང་ཐུབ་བྱས་ནས་མི་སེར་ཚོར་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་པོ་རོལ་འཇུག་རྒྱུ་ཡིན"ཞེས་ཁྲེང་རེན་ཏེ་ཡིས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།ཁྲེང་རེན་ཏེ་ཡིས་བསམ་ཚུལ་ལ་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཉོན་མཁན་དང་སྙིང་གཏམ་བཤད་མཁན་ཡག་པོ་ཞིག་བྱེད་དགོས་ན།ཁུལ་དམངས་ཆེན་འཐུས་མིས་སྡེ་རོང་རྫོང་དང་དེ་བཞིན་དུ་ཁུལ་ཡོངས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པའི་རྨང་གཞིའི་ཐོག རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་རང་ངོས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ཁུལ་དམངས་ཆེན་འཐུས་མིའི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་དགོས་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1