མཛོད་དགེ་རྫོང་གིས་འཛམ་གླིང་བརླན་སའི་ཉིན་མོ་ཐེངས་ཉེར་ལྔ་བ་བསུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 02-05



    ཟླ་2ཚེས་2ཉིན། མཛོད་དགེ་རྫོང་གིས་འཛམ་གླིང་བརླན་སའི་ཉིན་མོ་ཐེངས་25བསུས། མི་དང་བརླན་ས་ཞི་མཐུན་མཉམ་གནས་ཀྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བརླན་ས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། བརླན་ས་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱ་ཆེད། ཉིན་དེའི་སྔ་དྲོར། མཛོད་དགེ་བརླན་ས་དོ་དམ་ཅུས་ཀྱིས“ཆུ་དང་བརླན་ས། ཚེ་སྲོག་མཉམ་གནས།  ཕན་ཚུན་རྟེན་རེས། ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བརླན་ས་སྲུང་སྐྱོང་གི་དྲིལ་སྒྲོག་བྱེད་སྒོ་སྤེལ།


    དྲིལ་སྒྲོག་བྱེད་སྒོ་སྤེལ་བ་བརྒྱུད་མི་རྣམས་ལ་བརླན་ས་སྲུང་སྐྱོང་གི་གལ་ཆེན་རང་བཞིན་ལ་ངོས་ཟིན་དང་ཤེས་རྟོགས་ཟབ་མོ་བྱུང་། རྒྱ་ཆེའི་མང་ཚོགས་ཀྱིས་བརླན་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཧུར་སེམས་ཆེ་རུ་ཕྱིན་ནས་རྫོང་དེའི་བརླན་ས་སྲུང་སྐྱོང་གི་བྱ་གཞག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་ཐེབས། བྱེད་སྒོ་དེར་ཁྱོན་དྲིལ་སྒྲོག་ཡིག་ཆ་4000ལྷག་ཙམ་བྱིན་པ་དང་། དྲིལ་སྒྲོག་ཤོག་ཕོར་དང་ཁོར་ཡུག་སྲུང་སྐྱོང་གི་ཁུག་མ་ཁྲི་1བྱིན། ཡུལ་དངོས་སུ་མི་ཐེངས་900ལྷག་ཙམ་གྱིས་བརླན་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་ནས་འདྲི་རྩད་ཞུས་པར་སྣེ་ལེན་ཞུས་ཡོད་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1