སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་དོན་ཚན་བཅུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-23


 
   ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱིས《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས》ཉེ་ཆར་པར་འགྲེམས་བྱས་ནས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་དོན་ཚན་བཅུ་གཏན་འབེབས་གསལ་པོ་བྱས། སློབ་གྲྭ་ཆུང་འབྲིང་གི་ལྟ་སྐུལ་ཞིབ་བཤེར་དཔྱད་བསྡུར་དང་དཔྱད་ཞིབ་གསལ་ཐོ་བཟོས་ནས། ད་ཡོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་འབྲེལ་བ་ཡོད་པའི་ལྟ་ཞིབ་ཞིབ་བཤེར་དཔྱད་བསྡུར་དང་དཔྱད་ཞིབ་དོན་ཚན་ལ་ཁྱོན་ཡོངས་ནས་གཙང་བཤེར་ཉུང་བསྡུ་དང་། ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པའི་དོན་ཚན་མཐའ་གཅིག་ཏུ་མེད་པ་བཟོ་བ། ཚན་རིག་དང་མཐུན་ལ་ཕན་འབྲས་ལྡན་པའི་སློབ་གྲྭ་ཆུང་འབྲིང་གི་ལྟ་ཞིབ་ཞིབ་བཤེར་དཔྱད་བསྡུར་དང་དཔྱད་ཞིབ་གསལ་ཐོ་བཟོ་བ་བཅས་བྱས་ཏེ། སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་གྱི་ལྟ་ཞིབ་ཞིབ་བཤེར་དཔྱད་བསྡུར་དང་དཔྱད་ཞིབ་དོན་ཚན་ད་ཡོད་ཀྱི་རྨང་གཞིའི་ཐོག་50%ཡན་ཉུང་དུ་གཏོང་རྒྱུའི་འགན་ལེན་བྱེད་དགོས། 
   ཉིང་ཞ་ཡིས་ལྟ་ཞིབ་ཞིབ་བཤེར་དཔྱད་བསྡུར་གྱི་དཔྱད་ཞིབ་ཚད་གཞི་དང་བརྒྱུད་རིམ་ཚད་ལྡན་སྟབས་བདེ་རུ་གཏོང་བ་དང་། སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་གྱི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། དགོས་མེད་ཀྱི་ལྷུ་ཚིགས་དང་རེའུ་མིག་གྲངས་གཞིའི་དཔྱད་ཡིག་ཞིབ་བཤེར་བྱེད་ཉུང་དུ་གཏོང་རྒྱུ་རེད། སྐད་འཕྲིན་ལས་དོན་ཚོགས་པ་སོགས་ལ་བསྐུར་བའི་ལས་ཀའི་རྣམ་པ་པར་བཟོ་བའམ་བརྙན་ཕབ་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལས་དོན་དངོས་ཀྱི་གདེང་འཇོག་ཚབ་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གོ་མིང་ཞིབ་དཔྱད་དང་། ལོ་འཁོར་དཔྱད་ཞིབ། ལེགས་འདེམས་སྔོན་འདེམས། ཆེད་ལས་ལག་རྩལ་འགྲན་བསྡུར་སོགས་བྱེད་པ་ལས། ཆོག་འཐུས་ཚད་གཞི་རང་དགར་མཐོ་རུ་གཏོང་བ་དང་དཔྱད་ཞིབ་གོ་རིམ་རྩག་རྩིག་བཀོད་སྒྲིག་བྱས་མི་ཆོག་པ་དང་། རྒྱུགས་ལེན་གྱི་སྦྱངས་འབྲས་དང་། སློབ་རིམ་འཕར་ཚད་སློབ་རྒྱུས་དང་། སློབ་རིམ། ཆེད་རྩོམ། བྱ་དགའ་བཅས་ཁོ་ནའི་རང་བཞིན་གྱི་གདེང་འཇོག་དམིགས་ཚད་དུ་བྱས་མི་ཆོག དེ་དང་ཆབས་ཅིག་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་གནས་སུ་རང་དགར་བཀོད་སྒྲིག་བྱས་ཏེ་འབྲེལ་ཡོད་ལས་དོན་སྤེལ་མི་ཆོག་པའི་གཏན་འབེབས་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1