ཁོང་རྣམས་པེ་ཅིང་དུ་འབྱོར་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-04



        སྤྱི་ཟླ་3པའི་ཚེས་3ཉིན་གྱི་ཆུ་ཚོད་13སྐབས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་བོད་ལྗོངས་སུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནམ་གྲུར་ཞུགས་ནས་པེ་ཅིང་དུ་ཕེབས་འབྱོར་ཟིན་པ་དང་། ཚོགས་ཆེན་གཉིས་ལ་དངོས་སུ་ཞུགས་འགོ་ཚུགས་ཡོད།
        ལམ་བར་དུ། འཐུས་མི་དང་ཨུ་ཡོན་ཚོས་བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་དར་བཅས་ཀྱི་དོན་ཆེན་བཞི་ཡག་པོ་བསྒྲུབ་རྒྱུ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཐད་གྲོས་བསྡུར་འཁྲུག་པོ་གནང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་དུས་སྐབས་གལ་ཆེན་སྐབས་ལ། པེ་ཅིང་དུ་ཚོགས་འདུར་ཞུགས་བསྐལ་བྱུང་བ་དང་། འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ཆེ་བས། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བར་བརྟེན་ནས་བསམ་པའི་འཁྱེར་སོ་བཟང་པོ་དང་། འགན་འཁྲི་ནན་ཏན་སྒྲུབ་པ། ཚད་གཞི་མཐོ་པོས་ཚོགས་འདུའི་ལས་འགན་ཁག་ལེགས་སྒྲུབ་བྱེད་པ། རིན་ཐང་ལྡན་པའི་གྲོས་གཞི་དང་གྲོས་འགོ་དེ་བས་མང་བ་འདོན་པ་བཅས་བྱས་ཏེ། བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཀ་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འདོན་དང་རང་འགན་གཙང་སྒྲུབ་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1