༄༅།། དུས་རབས་གསར་པའི་ཁྱད་ཆོས།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-08


ཡུནརིང་བགྲོད་པའི་རྐང་ལམ་ཕྲ་མོ་རྡོག་པའི་འོག་ཏུ་འཇའ་ལྟར་ཡལ། །

ལྷག་སྐྱོབ་སློག་པ་ལྷན་པའི་སྐར་ཆེན་རྨི་ལམ་བཞིན་དུ་ལུས་དང་བྲལ། །

     དུས་ཀྱི་རྒུད་པའི་མུན་པའི་འཇིག་རྟེན་ན་བུན་བཞིན་དུ་མཁའ་ལ་དེངས།  །

      བདེ་སྐྱིད་འཚོ་བའི་འོད་ཆེན་འཕྲོ་བས་སེམས་ཀྱི་མུན་པ་མཐའ་ནས་སངས།  །

 

དཔའ་ངར་ལྡན་པས་ཤ་ཁྲག་དྲོན་མོའི་ཞུམ་མེད་སྲོག་གིས་ལེགས་སྐྱེས་ཕུལ། །

    སྙིང་སྟོབས་དྲག་རྩལ་རླབས་ལྟར་ཕྱུར་བས་ཕས་རྒོལ་སྡང་དགྲའི་གཤེད་མར་བྱས། །

   བདེ་སྡུག་ཁུར་པོ་ཕྲག་ཏུ་བཞེས་ནས་མཐའ་བསྲུངས་དཔའ་བོའི་གདོང་ལེན་པ། །

        བཀའ་དྲིན་གཞལ་མེད་གསར་རྗེའི་དམར་དམག་ནམ་ཡང་བརྗེད་མེད་ཡིད་ལ་འཁོར། །

 

ལོ་བརྒྱར་འཁོར་བགྲོད་དུས་ཀྱི་ཡོ་ལང་དགའ་ལྡན་ལྷ་ཡི་ཁང་བཟང་ནས། །

   བདེ་སྐྱིད་འཚོ་བ་དྲོན་མོའི་སྐྱེལ་བའི་རྫོགས་ལྡན་གསར་པའི་འཇིག་རྟེན་འདིར། །

 སྟོབས་ཀྱིས་འཁོར་བསྒྱུར་ཞི་ཅི་ཕིང་ཞེས་འཛམ་གླིང་ས་ཡི་དཀྱིལ་འཁོར་དུ། །

    དཔལ་མཛངས་བརྟུལ་ཕོད་སྙན་པའི་རོལ་མོ་སྲིད་པ་གསུམ་ན་ལྷང་ངེར་གྲགས། །

 

བོད་སྐྱོང་དབུལ་སྐྱོར་བདེ་སྐྱིད་འཚོ་བའི་དགའ་བདེའི་ལམ་ཆེན་གསར་པ་བསྐྲུན། །

    ཀུན་དགའི་ལེགས་སྐྱེས་དངུལ་ལོ་གསར་པའི་ལོངས་སྤྱོད་འཛད་མེད་གཏེར་དུ་བསྙིལ།  །

རྒྱལ་གཅེས་སྙིང་དབུས་པདྨའི་འདབ་བརྒྱ་ཡང་ཡང་བཞད་པའི་མཆོད་སྡོང་ཆེར། །

ཕུན་ཚོགས་མཛེས་པའི་བདེ་ལེགས་དཔལ་དུ་ཕྱོགས་དུས་ཀུན་ཏུ་ཤིས་པ་བསྩོལ། །  

 

དཔྱིད་གསར་སྒེག་མོའི་དུང་བའི་མེ་ཏོག་འཛིན་མའི་བཞིན་གྱི་དཔལ་དུ་བཞད། །

ནམ་མཁའི་ལྷ་མོའི་ཆུ་འཛིན་ཕྲེང་བས་མཛའ་བའི་གསང་གཏམ་རོལ་མོ་དཀྲོལ། །

ཁུ་བྱུག་སྔོན་མོའི་ཆགས་པའི་ཟོལ་གྱིས་སྙན་འཇེབ་མགྲིན་པའི་རྒྱུད་མང་སྒྲེང་། །

                                                                                                                                           རི་ཀླུང་ཀུན་ཏུ་དགའ་བའི་མདངས་ལྡན་འདབ་བརྒྱའི་མེ་ཏོག་ཕྱོགས་ཀུན་གཏོར།།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1