རིམས་འགོག་སྨན་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གསར་ཤོས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-23



        སྤྱི་ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་སོགས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ནང་དོན་མདོར་བསྟན་ན།
        ད་ལྟའི་ཆར། རྒྱལ་ནང་གི་ཉེན་ཁ་ཆུང་བའི་ས་ཁུལ་དུ་ལུས་པོའི་དྲོད་ཚད་བལྟས་ཤིང་སྒེར་གྱི་འགོག་སྲུང་ལས་ཀ་ཡག་པོ་བསྒྲུབས་རྗེས་བདེ་ཐང་ཤར་བགྲོད་ཀྱི་“ལྗང་མདོག་ཨང་རྟགས་”བསྟན་ནས་འགྲོ་སྐྱོད་བྱེད་ཆོག་པས་ས་གནས་ཁག་གིས་རང་དགར་སྒྲིག་ལམ་གསར་སྣོན་བྱེད་མི་ཆོག
        སྤྱི་ཟླ་3ཚེས་20ཉིན་གྱི་ཆུ་ཚོད་24བར་རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་ཐེངས་ཁྲི་7495.6ཟིན་ཡོད་པ་རེད།
        མིག་སྔར། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་ཐབས་ཡག་ཤོས་ནི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་རེད།
        ད་ཡོད་ཀྱི་ཐོན་སྐྱེད་བཀོད་སྒྲིག་ལྟར་ན། ལོ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཀྱི་ཐོན་འབོར་གྱིས་རྒྱལ་ཡོངས་མི་དམངས་ཡོངས་ཀྱི་དགོས་མཁོ་རྦད་དེ་སྐོང་ཐུབ་ཀྱི་ཡོད་པ་རེད། 
        མིག་སྔར་ལོ་60ཡན་གྱི་གཟུགས་གཞི་ཐང་བའི་རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་གི་ཡོད་པ་རེད། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཚན་པས་ཀྱང་ཐོན་སྐྱེད་མྱུར་ཚད་མགྱོགས་སུ་བཏང་སྟེ། ནད་ཐོག་ཚོད་ལྟ་བརྒྱུད་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་གྱི་གྲངས་གཞི་འདང་ངེས་ཐོབ་རྗེས། ལོ་60ཡན་གྱི་རྒན་རྒོན་ཚོར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་རེད།
        མིག་སྔར་རྒྱལ་ནང་གི་ཚོང་རར་བཏོན་པའི་རིམས་འགོག་སྨན་ཁབ་རིགས་བཞི་ལ་སྲིད་གཞུང་གི་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་ཆོག་མཆན་ཐོབ་པས་བདེ་འཇགས་བློས་འགེལ་ཆོག་གི་ཡོད། ཞིང་ཆེན་དང་གྲོང་ཁྱེར་སོ་སོས་ཉོས་པའི་རིམས་འགོག་སྨན་ཁབ་ཀྱི་རིགས་ཁྱད་པར་ཡོད་པས། ཚང་མས་རང་ཉིད་སྡོད་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་ལྟར་རིམས་འགོག་སྨན་ཁབ་གང་མགྱོགས་རྒྱག་དགོས།
        རང་རྒྱལ་དུ་རིམས་འགོག་སྨན་ཁབ་ཀྱི་ནུས་པ་ཐོན་པའི་ཆུ་ཚད་མཐོ་པོར་མ་སླེབས་གོང་། རིམས་འགོག་སྨན་ཁབ་བརྒྱབ་ཡོད་པའི་དབང་དུ་བཏང་ནའང་། མི་ཚོགས་འདུ་འཛོམས་བྱེད་པའི་ཁང་པའམ་མཁའ་རླུང་འགྲོ་རྒྱུག་དཀའ་བའི་ས་ཆར་སྔར་བཞིན་ཁ་རས་རྒྱག་དགོས།
        གནས་སྐབས་རིང་རིམས་འགོག་སྨན་ཁབ་བརྒྱབ་ཟིན་པའི་རྒྱལ་ཁོངས་སུ་ཡོང་མཁན་ལ་ཞིབ་དཔྱད་ཚད་ལེན་དང་ལོག་བཀར་གྱི་བྱེད་ཐབས་མུ་མཐུད་སྤྱོད་རྒྱུ་ཡིན།
        སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ཤིས་ཨན་ཞིབ་བཤེར་པས་རིམས་འགོག་སྨན་ཁབ་བརྒྱབ་ཟིན་ཡང་ནད་དུག་འགོས་པའི་དོན་རྐྱེན་ཐོན་པ་དེར། ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཝང་ཧྭ་ཆིང་གིས། མིག་སྔར་ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ནད་རྟགས་དེར་ཤེས་རྟོགས་དང་ཞིབ་དཔྱད་བྱེད་བཞིན་ཡོད། མིག་སྔར་རང་རྒྱལ་གྱིས་ཚོང་རའི་ཐོག་སྤྱོད་པར་ཆོག་མཆན་བཀོད་པའམ་ཕྱི་རྒྱལ་དུ་འཕྲལ་མར་བེད་སྤྱོད་པར་ཆོག་མཆན་བཀོད་པའི་རིམས་འགོག་སྨན་ཁབ་དེ། སྔོན་མའི་དུས་ཐེངས་གསུམ་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་པའི་སྲུང་སྐྱོང་ནུས་པ་ནི་མི་མང་ཆེ་བར་ནད་གཞི་མི་ཕོག་པ་བྱ་རྒྱུ་དེ་ཡིན་ཞིང་། དེའི་ནད་གཞི་ལྕི་རིགས་སྔོན་འགོག་གི་ཕན་འབྲས་དེ་བས་མངོན་གསལ་དོད་པོ་ཡོད། མིག་སྔར་ཕྱི་རྒྱལ་དུ་སྤྱད་པའི་རིམས་འགོག་སྨན་ཁབ་ཁྲོམ་རར་བཏོན་རྗེས་ཀྱི་གནས་ཚུལ་ལ་བལྟས་ན། རིམས་འགོག་སྨན་ཁབ་བརྒྱབ་རྗེས་མི་ཁག་གཅིག་ལ་སྔར་བཞིན་སྲུང་སྐྱོང་མ་ཐུབ་པའི་གནས་ཚུལ་ཐོན་གྱི་ཡོད་པས་དེའི་རྒྱུ་རྐྱེན་ལ་ད་དུང་ཞིབ་འཇུག་དང་བརྟག་དཔྱད་བྱེད་དགོས་ངེས་ཡིན་ཞེས་བསྟན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1