ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་འབྲེལ་བ་ཆད་པའི་གནམ་གྲུའི་ཐོག་ཁྱོན་བསྡོམས་མི་གྲངས་162ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-29


             སྤྱི་ཟླ་12པའི་ཚེས་28ཉིན། ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་དོན། ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་ཧིན་དྷུ་ཉི་ཞི་ཡ་ནས་སིང་གྷ་ཕོར་དུ་འཕུར་བསྐྱོད་བྱེད་བཞིན་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་འབྲེལ་བ་ཆད་འདུག

             གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཧིན་ཉི་འགྲིམ་འགྲུལ་པུའུ་ཡི་འགོ་གཙོ་ཡིས། འབྲེལ་བ་ཆད་པའི་ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་གནམ་གྲུ་དེའི་ནང་ཁྱོན་བསྡོམས་མི་གྲངས་162ཡོད་པ་དང་། དེའི་ཁྲོད་དུ་འགྲུལ་བ་མི་གྲངས་155དང་གནམ་གྲུའི་ལས་བྱེད་མི་སྣ་7བཅས་ཡོད་ལ། དེ་དག་གི་ཁྲོད་དུ་མ་ལེ་ཞི་ཡའི་མི་157དང་། ཁོ་རེ་ཡ་ལྷོ་མའི་མི་3། དབྱིན་ཇིའི་མི་1། སིང་གྷ་ཕོར་གྱི་མི་1བཅས་ཡོད། གནམ་གྲུའི་ཐོག་ཀྲུང་གོའི་མི་མེད་པར་བཤད།

           ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་དོན། ཧིན་ཉིའི་སྨྱན་སྦྱོར་དུ་འགྲིམ་འགྲུལ་པུའུ་ཡི་འགོ་གཙོ་ཡིས་བཤད་པ་ལྟར་ན། ཧིན་ཉི་ཡི་སི་ཧྲུའེ་གྲོང་ཁྱེར་ནས་ཕིང་གྷ་ཕོར་དུ་འཕུར་བསྐྱོད་བྱེད་བཞིན་པའི་འཕུར་རེས་QZ8501ཅན་གྱི་གནམ་གྲུ་དེ་ཡ་ཅ་ཐ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་འབྲེལ་བ་ཆད་ཡོད་ཅིང་། འབྲེལ་བ་ཆད་པའི་དུས་ཚོད་ནི་དེ་རིང་གི་དུས་ཚོད་7དང་སྐར་མ་17གྱི་ཐོག་ཡིན་ལ། སྐབས་དེར་ཀྲའོ་ཝ་མཚོ་ཡི་མཁའ་དབྱིངས་སུ་འཕུར་བསྐྱོད་བྱེད་བཞིན་ཡོད། འཕུར་རེས་བརྟག་དཔྱད་དྲ་ཚིགས་ནས་གནས་ཚུལ་འབྱོར་གསལ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་འདིའི་ཨང་རྟགས་ནི་ A320ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1