ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་ཡི་སྒོ་དང་འདྲ་བའི་དངོས་པོ་ཞིག་རྒྱ་མཚོའི་ངོས་ནས་པར་བླངས་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-31


འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་ཡི་སྒོ་དང་འདྲ་བའི་དངོས་པོ་ཞིག་རྒྱ་མཚོའི་ངོས་ནས་པར་བླངས་འདུག་པ།

         སྤྱི་ཟླ་12པའི་ཚེས་30ཉིན། གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཧིན་ཉི་རྒྱལ་ཁབ་ཀྱི་འཚོལ་བཤེར་ཉེན་སྐྱོབ་ལས་ཁུངས་ཀྱི་འགན་འཛིན་པ་པན་པེ་ཡིས་ཡ་ཅ་ཐ་ནས། ཚེས་30ཉིན་གྱི་སྔ་དྲོ་དུས་ཚོད་6པ་ནས་ཧིན་ཉི་ཡིས་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུ་འཚོལ་བཤེར་བྱེད་འགོ་བརྩམས་ཡོད་ལ། ཚེས་29ཉིན་གྱི་འཚོལ་བཤེར་ས་ཁོངས་7ནས་ས་ཁོངས་13གྱི་ནང་དུ་རྒྱ་བསྐྱེད་ཡོད་ཅེས་བསྟན།

འགྲུལ་སྐྱེལ་གནམ་གྲུ་ལ་འབྲེལ་བ་ཆད་པའི་ས་ནས་བར་ཐག་སྤྱི་ལེ་10ཡི་རྒྱ་མཚོའི་ངོས་སུ་གནམ་གྲུའི་སྒོ་དང་འདྲ་བའི་དངོས་པོ་དེ་ཡོད་པར་བཤད།

           ཧིན་ཉི་དང་ཨོ་སི་ཐྲ་ལི་ཡ། མ་ལེ་ཞི་ཡ། སིང་གྷ་ཕོར་དང་ཁོ་རེ་ཡ་ལྷོ་མ་བཅས་ཀྱི་གནམ་གྲུ་21དང་གྲུ་གཟིངས་30ཡིས་སྤྱི་ལེ་གྲུ་བཞི་མ་156000ཡི་ས་ཁོངས་ནང་འཚོལ་བཤེར་བྱས་པ་ཡིན་ལ། འགྲུལ་སྐྱེལ་གནམ་གྲུ་ལ་འབྲེལ་བ་ཆད་པའི་ས་ནས་བར་ཐག་སྤྱི་ལེ་10ཡི་རྒྱ་མཚོའི་ངོས་སུ་གནམ་གྲུའི་སྒོ་དང་འདྲ་བའི་དངོས་པོ་ཞིག་གཡེང་ཡོད་པ་པར་དུ་བླངས་ཡོད་ལ། འཚོལ་བཤེར་བྱེད་མཁན་གྱི་དམག་དཔོན་གྱིས་བཀྲམས་པའི་པར་རིས་བཅུ་ཡོད་པ་ལས། དངོས་པོ་ཆག་དུམ་དེ་དག་གནམ་གྲུའི་སྒོ་དང་གནམ་གྲུའི་ནང་གི་སྒམ་ཞིག་དང་འདྲ་བར་བཤད་འདུག   ད་ལྟ་ད་རུང་གནས་ཚུལ་གསལ་བོ་ཤེས་རྟོགས་མ་བྱུང་བས་མུ་མཐུད་ནས་འཚོལ་བཤེར་བྱེད་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1