ཀྲང་ཏེ་ཅང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-31


ཀྲང་ཏེ་ཅང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བཞིན་པ།

       སྤྱི་ཟླ་12པའི་ཚེས་28ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཆེད་དོན་འཆར་ཁྲིད་ཐེངས་བཅུ་བཞི་པ་འཚོགས་ཤིང་། འཆད་ཁྲིད་ཀྱི་བརྗོད་བྱ་གཙོ་བོ་ནི་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་བཏང་ནས་ཀྲུང་གོའི་དངུལ་འཛིན་ཚོང་ར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་ལ་སྐུལ་སྤེལ་གཏོང་ཞེས་པ་དེ་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་འཆད་ཁྲིད་གཙོ་སྐྱོང་གནང་།  

  འཆད་ཁྲིད་གནང་མཁན་གཙོ་བོ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དངུལ་ལོར་དང་དངུལ་འཛིན་ཞིབ་འཇུག་ཁང་གི་འགོ་འཛིན་ཝུའུ་ཞའོ་ཆིའུ་ཡིས་རྒྱལ་སྤྱི་དང་ཀྲུང་གོའི་དངུལ་འཛིན་ཚོང་རའི་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་།  ཀྲུང་གོའི་དངུལ་འཛིན་ཚོང་རར་གནས་པའི་གནད་དོན་དང་རྒྱུ་རྐྱེན་གཙོ་བོ་ལ་དབྱེ་ཞིབ་བྱས་པ་མ་ཟད། ཀྲུང་གོའི་དངུལ་འཛིན་ཚོང་རའི་འཕེལ་རྒྱས་སྐོར་གྱི་འཐབ་ཇུས་དམིགས་འབེན་དང་མ་འོངས་བཅོས་བསྒྱུར་སྐོར་གྱི་རིག་ལམ། གལ་འགངས་ཆེ་ས་སོགས་ཀྱི་ཐད་ནས་རང་གི་ལྟ་ཚུལ་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1