ཞིན་ཉི་ཡིས་ཨེ་ཤེ་ཡ་མཁའ་འགྲུལ་སྤྱི་གཉེར་ཁང་གི་འབྲེལ་བ་ཆད་པའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་རྙེད་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-31


འཚོལ་བཤེར་བྱས་ནས་རྙེད་པའི་མཚོ་ཐོག་གི་བེམ་པོ།

            སྤྱི་ཟླ་12པའི་ཚེས་30ཉིན། ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཧིན་ཉིའི་མཚོ་དམག་གིས་འབྲེལ་བ་ཆད་པའི་འཕུར་རེས་QZ8501ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་འཚོལ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་དུ། བེམ་པོ་40ལྷག་རྙེད་ཡོད།

            ཧིན་ཉི་རྒྱལ་ཁབ་ཀྱི་སྐྱོབ་གསོའི་ལས་ཁུངས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཉིན་འདིར་འཚོལ་བཤེར་རུ་ཁག་གིས་གནམ་གྲུའི་ཆག་དུམ་10ལྷག་རྙེད་ནས་དེ་ནི་འཕུར་རེས་QZ8501ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ་ཡིན་པར་ཐག་གིས་བཅད་ཡོད་ལ། དེ་ནས་མུ་མཐུད་འཚོལ་བཤེར་བྱས་པ་བརྒྱུད་བེམ་པོ་40ལྷག་རྙེད་སོན་བྱུང་ཡོད་པ་དང་། འཚོལ་བཤེར་རུ་ཁག་གིས་ད་དུང་མུ་མཐུད་ནས་འཚོལ་བཤེར་བྱེད་བཞིན་ཡོད། །

འཚོལ་བཤེར་བྱས་ནས་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ཆག་རོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1