ཀྲུང་ཧྭ་མི་རིགས་ཀྱི་མཚོན་རྟགས་ནི་དཔྱིད་མགོའི་མེ་ཏོག་ཡིན།
དཔྱིད་མགོའི་མེ་ཏོག་ནི་གྲང་ངར་ལ་མི་སྐྲག་པ་དང་། ཁ་བར་རྒོལ་ཐུབ་པའི་ཞུམ་མེད་ཀྱི་སྙིང་སྟོབས་ལྡན་ལ་དྭངས་ཤིང་གཙང་བ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་མཚོན་རྟགས་སུ་བརྩིས་ཏེ་ཀྲུང་ཧྭ་མི་དམངས་ཀྱིས་སྔར་ནས་བརྩི་བཀུར་བྱེད་པ་ཞིག་ཡིན།
སུན་ཀྲུང་ཧྲན་གྱིས་ཆིང་རྒྱལ་རབས་མགོ་རྟིང་བསློགས་རྗེས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་བཙུགས་པ་དང་། ཁ་དོག་ལྔ་ལྡན་རྒྱལ་དར་གྱིས་མི་རིགས་སོ་སོའི་མཐུན་སྒྲིལ་མཚོན་པར་བྱས་ཏེ། དཔྱིད་མགོའི་མེ་ཏོག་གི་འདབ་མ་ལྔ་པོས་མདོག་ལྔའི་དར་ཆ་མཚོན་གྱིན་ཡོད་པ་རེད། དུས་དེ་ནས་བཟུང་། དཔྱིད་མགོའི་མེ་ཏོག་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོན་རྟགས་སུ་འབོད་ཀྱིན་ཡོད། 1982ལོར། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་ནས་ལོ་འཁོར་བཅུ་ལོན་པར་དྲན་གསོ་ཞུ་བའི་ཁྲོད། རང་རྒྱལ་གྱིས《དཔྱིད་མགོའི་མེ་ཏོག(梅花)》དང《མེ་ཏོག་ཡིང་ཧྭ》ཡི་སྦྲགས་བྱང་འགྲེམ་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་སོ་སོའི་དགའ་ཕྱོགས་ཀྱི་མེ་ཏོག་ལྟར། རྒྱལ་ཁབ་གཉིས་ཀྱི་མི་དམངས་ནམ་ཡང་མཛའ་མཐུན་ཡོང་བའི་སྨོན་འདུན་ཞུས་པ་རེད།
རང་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་སོ་སོ་རུ་དཔྱིད་མགོའི་མེ་ཏོག་གི་སྡོང་པོ་མང་པོ་འཛུགས་བཞིན་ཡོད་ལ། ལྷག་པར་དུ་ཀྲེ་ཅང་དང་། ཅང་སུའུ། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། སི་ཁྲོན་སོགས་ཞིང་ཆེན་མང་པོ་རུ་དཔྱིད་མགོའི་མེ་ཏོག་མང་པོ་ཡོད་པས། ད་སྔའི་བར་དུ་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་རེད། །
《ཀྲུང་གོའི་ལོ་ཆུང་གཞོན་ནུའི་ཤེས་བྱ་ཀུན་བཏུས》ལྟར།