ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་ལོ་སར་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-05


            སྤྱི་ལོ་2014ལོའི་སྤྱི་ཟླ་12པའི་ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གིས་ཕན་ཚུན་ལོ་སར་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་ཡོད།

             ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་ནང་། སྤྱི་ལོ་2015ལོའི་ལོ་གསར་པ་ཤར་ལ་ཉེ་བའི་མཚམས་འདིར། ངོས་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་ཡིན་པ་མ་ཟད། ང་རང་ཉིད་ཀྱི་མིང་ཐོག་ནས་སྐུ་ཉིད་དང་། དེ་བཞིན་སྐུ་ཉིད་བརྒྱུད་མཛའ་བརྩེ་ལྡན་པའི་ཨུ་རུ་སུའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། སྤྱི་ལོ་2014ལོར་ང་ཚོས་མཇལ་འཕྲད་དང་ཞལ་མོལ་ཐེངས་མང་བྱས་ཏེ། ཕྱོགས་གཉིས་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་ཆུ་ཚད་མཐོ་པོ་གང་ལེགས་ཀྱིས་མངོན་པར་བྱས་ཡོད། ང་ཚོའི་བར་གྲུབ་པའི་གོང་རིམ་གྱི་འཆར་འགོད་དང་འཐབ་ཇུས་སྣེ་ཁྲིད་ཀྱིས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་གལ་ཆེའི་གྲུབ་འབྲས་དང་འཕེལ་རིམ་ཟམ་མི་ཆད་པ་ཐོན་རྒྱུར་སྐུལ་འདེད་ཐེབས་པ་དང་། ཀྲུང་གོ་དང་ཨུ་རུ་སའི་འབྲེལ་བ་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་ཐེབས་ཡོད། ང་རང་གིས་དོན་དེར་བློ་ཡིད་ཚིམ་པོ་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་དང་།

          ཕྱོགས་གཉིས་པོས་ཀྲུང་ཨུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་སྔོན་འདོན་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཀྱི་ཆུ་ཚད་དེ་བས་མཐོ་བ་དང་། བང་རིམ་དེ་བས་ཟབ་པའི་མཉམ་ལས་བྱེད་རྒྱུར་སྐུལ་འདེད་བཏང་ཐོག ཀྲུང་ཨུའི་འབྲེལ་བའི་གོང་འཕེལ་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1