ཕེ་རུ་རྒྱལ་ཁབ་ཀྱིས་ཙུང་ཐུང་དང་རྒྱལ་ཚོགས་འདེམས་བསྐོ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 04-13


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་ཕེ་རུ་རྒྱལ་ཁབ་ཀྱིས་ཙུང་ཐུང་དང་རྒྱལ་ཚོགས་འདེམས་བསྐོ་བྱས་ཤིང་། སྐབས་གསར་བའི་ཙུང་ཐུང་དང་རྒྱལ་ཚོགས་གྲོས་མི130འདེམས་རྒྱུ་རེད།
        ཕེ་རུའི་རང་དབང་ཏང་གི་འདེམས་སྒུག་པ་ཕའེ་ཏི་ལའོ་ཁཱ་སི་ཏི་ལའོ་དང་། རྒྱལ་ཁབ་མདུན་སྐྱོད་ཏང་གི་འདེམས་སྒུག་པ་ཏི་སའོ་ཐའོ་དང་མི་དམངས་སྟོབས་ཤུགས་ཏང་གི་འདེམས་སྒུག་པ་ཐིན་སིན་ཆིན་ཙི་སོགས་མི18ཡིས་ཙུང་ཐུང་གི་ལས་གནས་བདམ་ཐོན་འགྲན་བསྡུར་བྱས།
        འདེམས་ཤོག་དེ་ས་གནས་ཀྱི་དུས་ཚོད་ཞོགས་པའི་ཆུ་ཚོད7སྟེང་མགོ་བརྩམས་ཏེ། དགོང་མོའི་ཆུ་ཚོད7སྟེང་མཇུག་སྒྲིལ། རྒྱལ་ཡོངས་སུ་ཧ་ལམ་འདེམས་མི་ཁྲི2500ཡིས་འདེམས་ཤོག་འཕངས། ཕེ་རུ་སྲིད་གཞུང་གིས་ཉིན་དེར་དམག་མི་དང་ཉེན་རྟོག་པ་ཁྲི15ལས་བརྒལ་བ་མངགས་ཏེ་རྒྱལ་ཡོངས་སུ་སྒྲིག་ལམ་སྲུང་སྐྱོང་བྱས་ཤིང་། འདེམས་བསྐོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།
        ཉེ་དུས་དམངས་ཡོངས་ཀྱི་རྟོག་ཞིབ་ལས་མངོན་པ་ལྟར་ན། ཕེ་རུ་ཡི་ཙུང་ཐུང་འདེམས་སྒུག་པ་མི་རེའི་རྒྱབ་སྐྱོར་ཐོབ་ཚད་ཆ་སྙོམས་ཀྱི15%ལས་བརྒལ་མེད་པ་དང་། ཧ་ལམ་འདེམས་དམངས25%ཡིས་འདེམས་བསྐོ་ཁྲོད་ཞུགས་པའི་འདེམས་སྒུག་མི18ལ་ཁས་ལེན་བྱེད་བཞིན་མེད།
        ཕེ་རུ་ཡི་འདེམས་བསྐོ་བཅའ་ཁྲིམས་ལས་གཏན་འཁེལ་ལྟར་ན། སྐོར་རིམ་དང་པོའི་འདེམས་ཤོག་ཁྲོད་སྤྱིའི་འདེམས་ཤོག་གི་ཕྱེད་ཀ་ཡན་ཐོབ་པའི་འདེམས་སྒུག་པ་ཙུང་ཐུང་གི་འདེམས་བསྐོ་ལས་རྒྱལ་བ་ཡིན། གལ་ཏེ་འདེམས་སྒུག་པར་སྐོར་རིམ་དང་པོའི་འདེམས་ཤོག་ཁྲོད་སྤྱིའི་འདེམས་ཤོག་གི50%ཡན་ཐོབ་པ་མེད་ཚེ། འདེམས་ཤོག་ཆེས་མང་པོའི་འདེམས་སྒུག་པ་མི་གཉིས་ཀྱིས་སྐོར་རིམ་གཉིས་པའི་ཁྲོད་འགྲན་བསྡུར་བྱེད་དགོས་པ་ཡིན། སྐོར་རིམ་གཉིས་པའི་འདེམས་ཤོག་དེ་ཟླ6པའི་ཚེས6ཉིན་སྤེལ་རྒྱུ་ཡིན་ཞིང་། འདེམས་ཤོག་མང་ཤོས་དེ་ཙུང་ཐུང་དུ་བདམས་རྒྱུ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1