རིན་མི་དགོས་པར་གཟན་རྩྭ་བྱིན་ནས་མང་ཚོགས་ཀྱི་དཀའ་ངལ་བསལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་དྲ་བ། སྤེལ་དུས། 04-21



    ཉེ་ཆར། མཛོད་དགེར་ཁ་བ་བསྟུད་མར་བབས་པས། མཛོད་དགེ་རྫོང་གི་རོང་འབྲོག་ཁྱིམ་ཚང་ཁག་གཅིག་ལ་གཟན་རྩྭ་མི་འདང་བའི་གནས་ཚུལ་བྱུང་། སྔར་ལས་ཕྱུགས་ཟོག་གིས་དཔྱིད་དུས་བདེ་འཇགས་ངང་བརྒལ་བར་འགན་བླངས་ཏེ། ཤེད་ཞན་ཕྱུགས་ཟོག་དང་ཕྱུགས་ཕྲུག་གི་འཆི་ཚད་ཇེ་ཉུང་དུ་གཏོང་ཆེད། ཟླ་4པའི་ཚེས་14ཉིན། མཛོད་དགེ་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱིས་སི་ཁྲོན་ས་སྦོལ་མུའུ་ཡོན་ཚན་རྩལ་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་སྒོས། རིན་མི་དགོས་པར་གཟན་རྩྭ་སྤྲོད་པའི་བྱེད་སྒོ་སྤེལ་ནས། རོང་འབྲོག་མང་ཚོགས་ཀྱི་དཀའ་ངལ་བསལ།

    གྱོང་གུན་ཆེས་ཉུང་དུ་བཏང་སྟེ། ཕྱུགས་ཟོག་གསོ་སྤེལ་དུད་ཚང་གི་མིག་སྔའི་དཔྱིད་དུས་ཀྱི་གཟན་རྩྭ་དཀོན་པའི་དཀའ་ངལ་སེལ་ཆེད། མཛོད་དགེ་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱིས་འཕྲལ་མར་བྱེད་སྒོ་སྤེལ་ནས། དུས་ལྟར་འབྲོག་ཁུལ་མང་ཚོགས་ཀྱི་ཕྱུགས་རིགས་ཀྱི་བདེ་ཐང་གནས་ཚུལ་དང་ཤ་ཤེད་བཟང་ངན། གཟན་རྩྭ་གསོག་འཇོག་གནས་ཚུལ་སོགས་ལ་དུས་ཐོག་ཏུ་བརྟག་དཔྱད་བྱས་རྗེས། འཕྲལ་དུ་སི་ཁྲོན་ས་སྦོལ་མུའུ་ཡོན་ཚན་རྩལ་ཚད་ཡོད་ཀུང་སིར་འབྲེལ་བ་བྱས་ནས། བྱམས་བརྩེའི་རོགས་སྐྱོར་འཆར་གཞི་ལག་བསྟར་བྱས་ཏེ། ཕྱུགས་རིགས་ཀྱིས་དཔྱིད་དུས་བདེ་འཇགས་ཡང་བརྒལ་བར་འགན་བླངས།

    རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིན་མེད་གཟན་རྩྭ་སྟེར་བའི་བྱེད་སྒོས། ཐང་སྐོར་གྲོང་རྡལ་གྱི་སྡེ་བ་6ལ་བསྡོམས་པའི་གཟན་རྩྭ་ཏུན་30སྟེར་ཞིང་། སྡེ་བ་རེ་ལ་ཏུན་5རེ་སྟེར་ཞིང་དུས་ཡུན་ཉིན་གསུམ་རིང་ལ་བྱིན། རྗེས་སོར་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱིས་ད་དུང་མུ་མཐུད་དུ་ཉེ་འཁོར་གྱི་ཡུལ་གྲོང་ལ་རིན་མི་དགོས་པར་གཟན་རྩྭ་བྱིན་ཏེ། ཁངས་ཆེན་དང་གཟན་རྩྭ་མི་འདང་བའི་རྐྱེན་ལས་བྱུང་བའི་ཕྱུགས་ཟོག་འཆི་ཚད་ཇེ་ཉུང་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་ཕྱུགས་ཟོག་གིས་དགུན་དཔྱིད་བདེ་འཇགས་ངང་བརྒལ་བར་འགན་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1