ཨ་རིའི་ལོ་7ཅན་གྱི་བྱིས་པ་ཞིག་གནམ་གྲུའི་དོན་རྐྱེན་ཁྲོད་དུ་ཚེ་སྲོག་མ་ཤོར་བར་རང་གིས་རང་ཉིད་སྐྱོབ་ཐུབ་པ་བྱུང་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


          ཉེ་ཆར། ཨ་རིའི་ཁྱིམ་ཚང་གི་གནམ་གྲུ་ཞིག་ཧྥོར་ཅི་ཉི་ཡ་མངའ་སྡེ་ནས་དབྱི་ལེ་ནོ་ཡེ་མངའ་སྡེར་འཕུར་བའི་ལམ་བར་དུ། གནམ་གྲུའི་འཁོར་སྒུལ་འཕྲུལ་ཆས་ལ་སྐྱོན་ཤོར་ནས་གནམ་གྲུའི་དོན་རྐྱེན་བྱུང་ཞིང་། གནམ་གྲུ་འདིའི་ནང་དུ་ཁྱིམ་ཚང་དེའི་ཁྱོ་ཤུག་གཉིས་དང་བུ་མོ་གཅེན་གཅུང་གཉིས་བཅས་ཁྱོན་མི་4ཡོད་པ་རེད། ཡིད་སྐྱོ་བའི་དོན་རྐྱེན་དེ་བྱུང་མ་ཐག་གནམ་གྲུའི་ནང་གི་མི་གསུམ་རྐྱེན་ལམ་དུ་ཤོར་ཡོད་དེ། ཁོང་ཚོ་ནི་བུ་མོ་ཆུང་ཆུང་ལོ་7ཅན་དེའི་ཕ་མ་གཉིས་དང་གཅེན་མོ་བཅས་རེད། བུ་མོ་ཆུང་ཆུང་དེ་སྟབས་ལེགས་ནས་རྨས་སྐྱོན་ཚབས་ཆེན་མ་ཐེབས། མོའི་མགོ་དང་རྐང་པའི་ཐོག་ཁྲག་འགོས་ཤིང་ལྷམ་ཡང་མེད་པར་རྐང་ཐང་དུ་ཚེ་སྲོག་གི་སྟོབས་ཤུགས་ལ་བརྟེན་ནས་རི་བོ་གཅིག་དང་ནགས་ཚལ་ཆེན་པོ་ཞིག་བརྒལ་རྗེས། གཞི་ནས་རྒན་པོ་ཝིར་ཇིན་སི་ཚང་གི་སྒོར་སླེབས་ཏེ་ཡིད་སྐྱོ་བའི་གནས་ཚུལ་རྣམས་རྒན་པོ་དེ་ལ་བཤད། དེ་རྗེས་རྒན་པོ་དེས་ཉེན་རྟོག་པར་བརྡ་བརྒྱབས་ཏེ་ཁོ་མོ་སྨན་ཁང་དུ་བསྐྱལ་ཡང་སྐྱོན་ཆེན་པོ་མེད་པར་བཤད། བུ་མོ་ཆུང་ཆུང་ལོ་7ཅན་ཞིག་ལ་འདི་འདྲའི་སྙིང་སྟོབས་ལྡན་པ་ནི་དངོས་གནས་ཧ་ལས་དགོས་པའི་གནས་སོ་ཞེས་ཀུན་གྱིས་བསྟོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1