པུའུ་ཁི་ན་ཧྥ་སོའི་སྲིད་གཞུང་གིས་གར་སོང་ཆ་མེད་དུ་གྱུར་པའི་རྒྱལ་ཕྱིའི་མི་གསུམ་པོ་རྐྱེན་ལམ་དུ་ཤོར་བར་གཏན་འཁེལ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུའུ་ཁི་ན་ཧྥ་སོའི་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་གསལ་བསྒྲགས་སྤེལ་ནས་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་རྒྱལ་ཕྱིའི་མི་གསུམ་གར་སོང་ཆ་མེད་དུ་གྱུར་བ་དེ་དག་རྐྱེན་ལམ་དུ་ཤོར་བར་གཏན་འཁེལ་བྱས། 
        གསལ་བསྒྲགས་བྱས་པ་ལྟར་ན། ནགས་སྲུང་བ་དང་གསར་འགོད་པ། དམག་མི་བཅས་ཀྱིས་གྲུབ་པའི་ལྟ་ཞིབ་རུ་ཁག་ཅིག་ལ་ཚེས་ཉེར་དྲུག་ཉིན་པུའུ་ཁི་ན་ཧྥ་སོའི་ཤར་ཕྱོགས་ཀོར་མཱ་ཞིང་ཆེན་དུ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་གསུམ་ལ་རྨས་ཕོག་པ་དང་མི་བཞི་གར་སོང་ཆ་མེད་དུ་གྱུར། དེའི་ཁྲོད་དུ་སི་ཕན་གྱི་མི་གཉིས་དང་ཨིར་ལན་གྱི་མི་གཅིག པུའུ་ཁི་ན་ཧྥ་སོའི་དམག་མི་གཅིག་བཅས་འདུས་ཡོད།
        ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། པུའུ་ཁི་ན་ཧྥ་སོ་རུ་འཇབ་རྒོལ་དོན་རྐྱེན་རྒྱུན་པར་བྱུང་ཞིང་རྣམ་པ་ཛ་དྲག་ཏུ་གྱུར། ད་ལོའི་ཟླ་གཉིས་པར་པུའུ་ཁི་ན་ཧྥ་སོའི་བྱང་ཕྱོགས་ཀྱི་ཝུ་ཏཱ་ཞིང་ཆེན་དུ་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་དགུ་ལ་རྨས་ཕོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1