ཨ་རིས་འཆར་གཞི་ལྟར་ཨབ་གྷན་སི་ཐན་ནས་དམག་ཕྱིར་འཐེན་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


           སྤྱི་ཟླ་1པའི་ཚེས་6ཉིན། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་ཡིས་མ་འོངས་པའི་ལོ་གཉིས་ཀྱི་ནང་བཀོད་སྒྲིག་རེའུ་མིག་ལྟར་དུ་ཨབ་གྷན་ནས་དམག་ཕྱིར་འཐེན་བྱས་ཏེ། ཨ་རིའི་དམག་མིའི་མི་གྲངས་མིག་སྔའི་ཁྲི་1.08ནས་རིམ་བཞིན་ཇེ་ཉུང་དུ་གཏོང་རྒྱུ་རེད།

          ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨོར་ནེ་སི་ཐྲི་ཡིས་ཚེས་5ཉིན། གཟའ་འཁོར་སྔོན་མའི་ནང་ཨ་རི་དང་བྱང་ཆིངས་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཨབ་གྷན་སི་ཐན་ནས་དམག་འཁྲུག་རྒྱག་པའི་ལས་འགན་མཇུག་བསྒྲིལ་ཡོད་ལ། ཨབ་གྷན་སི་ཐན་གྱི་དམག་དཔུང་གིས་ལོ་སར་ཉིན་དམག་དོན་ལས་འགན་བླངས་ཏེ་དོ་དམ་བྱས་ཡོད་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1