ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་བདུན་པ་དང་། ཨང་བདུན་ཅུ་དོན་བརྒྱད་པ། ཨང་བདུན་ཅུ་དོན་དགུ་པ། ཨང་བརྒྱད་ཅུ་པ། ཨང་བརྒྱད་ཅུ་གྱ་གཅིག་པ། ཨང་བརྒྱད་ཅུ་གྱ་གཉིས་པ། ཨང་བརྒྱད་ཅུ་གྱ་གསུམ་པ་བཅས་ལ་མཚན་རྟགས་བཀོད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-06



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་བདུན་པ་དང་།ཨང་བདུན་ཅུ་དོན་བརྒྱད་པ། ཨང་བདུན་ཅུ་དོན་དགུ་པ། ཨང་བརྒྱད་ཅུ་པ། ཨང་བརྒྱད་ཅུ་གྱ་གཅིག་པ། ཨང་བརྒྱད་ཅུ་གྱ་གཉིས་པ། ཨང་བརྒྱད་ཅུ་གྱ་གསུམ་པ་བཅས་ལ་མཚན་རྟགས་བཀོད་གནང་ཡོད།
        ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་བདུན་པའི་ཐོག༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཅའ་ཁྲིམས༽དེ་ཉིད་སྤྱི་ལོ་2021ལོའི་ཟླ་4པའི་ཚེས་29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཐོག་གྲོས་འཆམ་བྱུང་ཡོད་པ་དང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་ལོ་2021ལོའི་ཟླ་6པའི་ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
        ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་བརྒྱད་པའི་ཐོག༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས༽དེ་ཉིད་སྤྱི་ལོ2021ལོའི་ཟླ་4པའི་ཚེས་29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཐོག་གྲོས་འཆམ་བྱུང་ཡོད་པ་དང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་བསྒྲགས་བྱས་ཉིན་ནས་ལག་ལེན་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
        ཀྲུའུ་ཞིའི་བཀའ་རྒྱ་ཨང་བདུན་ཅུ་དོན་དགུ་པའི་ཐོག༼ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་ཐོག་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས༽དེ་ཉིད་སྤྱི་ལོ2021ལོའི་ཟླ་4པའི་ཚེས་29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་ཡོད་པ་དང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་ལོ2021ལོའི་ཟླ་9པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
        ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱད་ཅུ་པའི་ཐོག་༼(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས)ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས༽དེ་ཉིད་སྤྱི་ལོ2021ལོའི་ཟླ་4པའི་ཚེས་29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཐོག་གྲོས་འཆམ་བྱུང་ཡོད་པ་དང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་ལོ2021ལོའི་ཟླ་4པའི་ཚེས་30ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
        ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱད་ཅུ་གྱ་གཅིག་པའི་ཐོག ༼(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་)སོགས་བཅའ་ཁྲིམས་བརྒྱད་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས༽དེ་ཉིད་སྤྱི་ལོ2021ལོའི་ཟླ་4པའི་ཚེས་29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཐོག་གྲོས་འཆམ་བྱུང་ཡོད་པ་དང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
        ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱད་ཅུ་གྱ་གཉིས་པའི་ཐོག༼(ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་ཐབས་) ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས༽དེ་ཉིད་སྤྱི་ལོ་2021ལོའི་ཟླ་4པའི་ཚེས་29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཐོག་གྲོས་འཆམ་བྱུང་ཡོད་པ་དང་། ད་ལྟ་སྤྱི་བསྒྲགས་བྱས་ཏེ་སྤྱི་ལོ་2021ལོའི་ཟླ་4པའི་ཚེས་30ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
        ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱད་ཅུ་གྱ་གསུམ་པའི་ཐོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཐོག་སྤྱི་ལོ་2021ལོའི་ཟླ་4པའི་ཚེས་29ཉིན་གཏན་འབེབས་བྱས་པ་ལྟར། ཧོང་མིང་འཕྲལ་སྡོམ་དོ་དམ་པུའི་པུའུ་ཀྲང་ལ་བསྐོ་གཞག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1