འདི་ནས་བོད་ལྗོངས་རང་ནས་ཐོན་པའི་ཟས་རིགས་སོས་པ་ཉོ་ཐུབ་ཀྱི་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-08



          ཟླ་5ཚེས་1ཉིན། འགན་བཅོལ་ཡོད་པ་དང་ཁུངས་འདེད་ཐུབ་པའི་བོད་ལྗོངས་ཀྱི་ཟས་རིགས་སོས་པ་ཆེད་ཚོང་ཁང་དང་པོ་སྟེ། སའི་གོ་ལའི་སྣེ་གསུམ་པའི་ཟས་རིགས་སོས་པ་ཐད་ཚོང་ཁང་ལྷ་སར་སྒོ་ཕྱེ་ཡོད་པ་རེད། 

          ཤེས་རྟོགས་བྱུང་བར་གཞིགས་ན། ཐད་ཚོང་ཁང་དེའི་ནང་གི་བཟའ་བཅའ་ཚང་མར་སའི་གོ་ལའི་སྣེ་གསུམ་པའི་ལེགས་འདེམས་ཚད་གཞིའི་ལས་སྟེགས་བརྒྱུད། བརྟག་ཞིབ་ཚད་ལེན་དང་། བདེན་དཔང་ར་སྤྲོད། ཁུངས་འདེད་ཐུབ་པ། འགན་བཅོལ་ཡོད་པ་སོགས་བྱས་ཡོད་པ་དང་། ཐོན་རྫས་ཚང་མར་རྩ་གཉིས་ཨང་རྟགས་ཡོད་པས། བཟའ་བཅའ་ཚང་མ་འཐུ་བ་ནས་ཕྱིར་ཚོང་བྱེད་པའི་བརྒྱུད་རིམ་ཚང་མ་ལྟ་ཐུབ་པ་དང་། ལྷུ་ཚིགས་ཚང་མའི་ཐོན་སྐྱེད་བྱེད་མཁན་དང་ཐོན་སྐྱེད་བྱ་ཡུལ་ཁ་གསལ་པོ་ཡོད་པ་ལས། བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ས་དང་འཚོང་ས་ཤེས་པ་དང་སྤུས་ཚད་འགན་ལེན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།


          བོད་ལྗོངས་སའི་གོ་ལའི་སྣེ་གསུམ་པའི་ས་མཐོའི་ཁྱད་ལྡན་རང་བྱུང་ཟས་རིགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སྲི་ཆོས་རྡོ་རྗེས་ཐོན་ལས་དབུལ་སྐྱོར་དེ་བོད་ལྗོངས་ཀྱི་དབུལ་སྐྱོར་ལས་དོན་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྤུས་རྟགས་གཅིག་གིས་འབྲེལ་ཡོད་ཐོན་རྫས་ཁྲོམ་རར་རྒྱ་ཁྱབ་ཏུ་འདོན་པར་སྤྱི་འདོམས་བྱས་ཏེ། ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད་སྟབས། ངེད་ཀུང་སིས“ཀུང་སི་དང་། མཉམ་ལས་ཁང་། ཞིང་འབྲོག་པ”བཅས་མཉམ་ལས་བྱེད་པའི་ཐོན་སྐྱེད་བྱེད་སྟངས་བཟོས་ནས་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་དང་གྲོང་ཁྱེར(ཆུས)དྲུག་དང་རྫོང་བརྒྱ་ཙམ་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་དཀའ་བའི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱས་པ་དང་འབྲེལ། རྣམ་གྲངས་ལག་ལེན་བསྟར་རིང་ལས་ཞུགས་ཐུབ་མེད་པའི་ལོ་འདི་གའི་སློབ་ཐོན་སློབ་མ་བསྡུས་ནས་སློབ་ཆེན་སློབ་མ་ལས་ཞུགས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1