ནེ་ཀྲི་རི་ཡ་རུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-10


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཚེས7ཉིན་བདེན་དཔང་བྱས་དོན།   སྤྱི་སྤྱོད་རླངས་འཁོར་ཞིག་ཚེས6ཉིན་གྱི་དགོང་མོར་ནེ་ཀྲི་རི་ཡའི་ལྷོ་ཕྱོགས་ཀྱི་ཨོ་ཀང་མངའ་སྡེ་རུ་རླངས་འཁོར་མགོ་རྟིང་སློག་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་།  མི་གསུམ་ལ་རྨས་ཕོག་ཡོད།
        ཨོ་ཀང་མངའ་སྡེའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་མགྲིན་ཚབ་པ་ཨ་ཅིན་པི་དབྱི་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།   མི་བཅུ་བདུན་དྲུད་ཡོད་པའི་སྤྱི་སྤྱོད་རླངས་འཁོར་དེ་ཚེས་དྲུག་ཉིན་གྱི་དགོང་མོར་ས་གནས་དེའི་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་ཞིག་གི་སྟེང་དུ་སྒྲིག་འགལ་ངང་སྔུན་གྱི་རླངས་འཁོར་ལས་བརྒལ་ནས་ཆག་སྐྱོན་བྱུང་སྟེ་ལམ་འགྲམ་དུ་བསྡད་ཡོད་པའི་རླངས་འཁོར་གཉིས་ལ་ཐོ་བརྒྱབ་པ་དང་།    དེའི་རྗེས་སྤྱི་སྤྱོད་རླངས་འཁོར་ཁ་ལོ་བྱེད་ཐབས་བྲལ་ནས་མགོ་རྟིང་སློག་སྟེ་རླངས་འཁོར་ནང་གི་མི་བཅུ་བཞི་དེ་མ་ཐག་རྐྱེན་ལམ་དུ་ཤོར་ལ། གཞན་ཡང་མི་གསུམ་ལ་རྨས་ཕོག་ཡོད།  རྨས་མ་དག་གིས་མིག་སྔར་སྨན་ཁང་དུ་སྨན་བཅོས་དང་ལེན་བྱེད་བཞིན་ཡོད་ཟེར།
        ཨ་ཅིན་པི་དབྱི་ཡིས་མི་རྣམས་ཀྱིས་རླངས་འཁོར་སྐོར་སྐབས་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ་མྱུར་ཚད་ལས་བརྒལ་བ་སོགས་ཉེན་ཁའི་བྱ་སྤྱོད་མི་འབྱུང་བར་བྱེད་དགོས་པའི་འབོད་སྐུལ་བཏང་།
        གཞུང་ལམ་གྱི་གནས་ཚུལ་ཅུང་མི་བཟང་བ་དང་། དེ་མིན་མི་གྲངས་དང་མྱུར་ཚད་ལས་བརྒལ་བ་སོགས་ཀྱི་དབང་གིས་ནེ་ཀྲི་རི་ཡ་རུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1