ལྔ་གཅིག་གུང་གསེང་དུས་སྐབས་སུ་རྔ་བ་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི165.2སྣེ་ལེན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-12


        ཟླ5པའི་ཚེས5ཉིན། གསར་འགོད་པས་རྔ་བ་ཁུལ་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས་ནས་རྒྱུས་ལོན་བྱུང་པ་ལྟར་ན། “ལྔ་གཅིག”གུང་གསེང་དུས་སྐབས་སུ་རྔ་བ་ཁུལ་གྱི་ལྗོངས་ཁུལ་སོ་སོར་ཡུལ་སྐོར་བ་ཡིས་ཁེངས་པས་རྔ་བ་ཁུལ་གྱི་ཡུལ་སྐོར་ལས་རིགས་སླར་གསོ་ནུས་ལྡན་བྱུང་བ་མཚོན་ཡོད། རིམ་རྩིས་བྱས་པ་ལྟར་ན་གུང་གསེང་རིང་རྔ་བ་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས165.2སྣེ་ལེན་བྱས་པ་དང་། དུས་མཉམ་ལས140.75%དང232.83%འཕར་ཡོད།
        དེའི་ནང་གཟི་ཚྭ་སྡེ་དགུ་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས9.78སྣེ་ལེན་བྱས་པ་དང་སྒོ་འཛིན་ཡོང་འབབ་སྒོར་ཁྲི1307.69ཟིན་ལ། དུས་མཉམ་ལས214.74%དང191.24%འཕར་ཡོད། དུང་རི་གསེར་མཚོ་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི6.91སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི331.79ཟིན་པ་དང་། དུས་མཉམ་ལས262.83%དང240.05%འཕར་ཡོད། སྐུ་བླ་གཞི་བདག་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི5.28སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི376.62ཟིན་པ་དང་། དུས་མཉམ་ལས141.27%འཕར་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། “ལྔ་གཅིག”གུང་གསེང་རིང་རང་བྱུང་ལྟ་སྐོར་ཡུལ་སྐོར་དང་། གྲོང་གསེབ་སྤྲོ་གསེང་ཡུལ་སྐོར་གཉིས་ཀྱིས་རྔ་བ་ཁུལ་གྱི་ཡུལ་སྐོར་ཁྲོམ་རའི་གཙོ་རྒྱུག་བཟུང་ཡོད་ཅིང་། གསར་བརྗེ་ཡུལ་སྐོར་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་གྲངས་འབོར་ཡང་རྒྱུན་མཐུད་ངང་འཕར་ནས་སྣེ་ལེན་མི་ཐེངས་དུས་མཉམ་ལས་ལྡབ2.4དང་ཡུལ་སྐོར་ཡོང་འབབ་ལྡབ3གྱི་ཡན་ཇེ་མང་དུ་ཕྱིན།
        རྔ་བ་ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བརྟན་ཞིང་གོ་རིམ་ལྡན་པ་མ་ཟད། ཡུལ་སྐོར་ཞུ་གཏུག་གལ་ཆེན་དང་བདེ་འཇགས་དོན་རྐྱེན་གང་ཡང་བྱུང་མེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1