ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མཱ་ཏུའུ་ལོ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09


          སྤྱི་ཟླ་1པོའི་ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མཱ་ཏུའུ་ལོ་ལ་མཇལ་འཕྲད་གནང་། པར་འདི་ནི་མཇལ་འཕྲད་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གྱིས་མཱ་ཏུའུ་ལོ་བཟའ་ཟླ་གཉིས་དང་མཉམ་དུ་པར་བླངས་པའི་ཚུལ་རེད།

          སྤྱི་ཟླ་1པོའི་ཚེས་7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ། ཝེ་ནེ་ཙུའེ་ལའི་སྲིད་འཛིན་མཱ་ཏུའུ་ལོ་ལ་དགའ་བསུ་ཞུས། དགའ་བསུའི་མཛད་སྒོ་མཇུག་རྫོགས་རྗེས། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྲིད་འཛིན་མཱ་ཏུའུ་ལོ་དང་གྲོས་མོལ་མཛད།

          ཞི་ཅིན་ཕིང་གིས། ན་ནིང་ང་ཚོས་མཉམ་དུ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་བར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོ་དང་ལེ་ནེ་ཙུའེ་ལའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་གསར་བའི་མགོ་བརྩམས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཛའ་མཐུན་མཉམ་ལས་ལ་སྟོབས་ཤུགས་གསར་བ་བསྣན་ཡོད། དུས་རིམ་རྗེས་མར་ང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་མཐོར་འདེགས་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཐོན་སྐྱེད་ཅན་གྱི་དཔལ་འབྱོར་རྣམ་པ་བསྐྲུན་པར་འབད་བརྩོན་ཆེན་པོ་བྱས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཁྱབ་ཁོངས་མང་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1