རོང་བྲག་རྫོང་གིས་གསར་བརྗེའི་ཐོན་ཁུངས་ལ་གསོན་ཤུགས་གསར་པ་བསྣན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-26


        ཉེ་ཆར་།རོང་བྲག་རྫོང་གིས་རྫོང་གི་མངའ་ཁོངས་སུ་ཡོད་པའི་གསར་བརྗེའི་ཐོན་ཁུངས་དང་སྒོ་ཁར་ཡོད་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པར་བརྟེན། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་གསར་བརྗེའི་རྗེས་ཤུལ་དུ་ལྟ་སྐོར་དང་གསར་བརྗེའི་བྱས་རྗེས་སློབ་སྦྱོང་། གསར་བརྗེའི་ལོ་རྒྱུས་ཕྱིར་དྲན་བྱས་པའི་བརྒྱུད་རིམ་ཁྲོད་ལོ་བརྒྱའི་རིང་གི་ལོ་ཟླའི་ཁྲོད་ཀྲུང་གོའི་གུང་ཁྲན་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཚོར་ཤེས་བྱེད་དུ་བཅུག་པ་རེད།
        ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེ་བ་ནས་བཟུང་། རོང་བྲག་རྫོང་གིས་ད་དུང“ལས་བྱེད་པ་རྒན་གྲས་དང་འཐབ་འཛིང་པ་རྒན་གྲས། ཆེད་རམས་པ་རྒན་གྲས། དགེ་རྒན་རྒན་གྲས། དཔེ་བཟང་རྒན་གྲས”བཅས་ཀྱི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ། སློབ་གྲྭ་འབྲིང་ཆུང་དུ“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སློབ་གྲྭར་སྤེལ་བའི”སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ནས་བྱིས་པ་རྣམས་ལ་ཕ་ཡུལ་གྱི་དཔའ་བོའི་མི་སྣ་དང་གལ་ཆེ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ལ་གུས་སེམས་་དང་སྤོབས་སེམས་དེ་བས་ཐོན་སླ་བ་བྱུང་ཡོད། རོང་བྲག་རྫོང་གིས་དམར་དམག་རྒྱང་བསྐྱོད་ཟིན་ཐོ་དང་རོང་བྲག་རྫོང་དུ་འཐབ་འཛིང་བྱས་མྱོང་བའི་དམར་དམག་རྒན་པ་དང་འཐབ་འཛིང་པ་རྒན་པ། རྫོང་ཕྱི་ནང་གི་ལོ་རྒྱུས་ཆེད་རམས་པར་བཅར་འདྲི་བྱས་པ་དང་ཡུལ་དངོས་སུ་ར་སྤྲོད་ཟིན་ཐོ་རྩོམ་སྒྲིག་བྱས་པར་མ་ཟད། རིན་མི་དགོས་པར་རྩོམ་ཡིག《དམར་དམག་རོང་བྲག་ལ་རྒྱང་བསྐྱོད》དང《རོང་བྲག་རྫོང་གསར་བརྗེའི་ལོ་རྒྱུས་རྗེས་ཤུལ་གྱི་གསར་བརྗེའི་རིག་གནས་ཆེད་སྒྲིག》བཅས་ཀྱི་ཐོག་རྩོམ་ཡིག2000ཙམ་སྒྲིག་བཟོས་བྱས་ནས་སྦྱིན་པར་བརྟེན། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དམར་དམག་རོང་བྲག་རྫོང་དུ་རྒྱང་སྐྱོད་བྱས་པའི་ལོ་རྒྱུས་གཏམ་རྒྱུད་ལ་ཤེས་རྟོགས་དང་རྒྱལ་གཅེས་རིང་ལུགས་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1