ཝུའུ་ཁི་ལན་སྲིད་གཞུང་གིས་ཡང་བསྐྱར་ཁེ་ལས་ཆུང་འབྲིང་དང་མི་སྒེར་ལ་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 06-04


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་སྲིད་གཞུང་གིས་ཉེ་སྔོན་ཝུའུ་ཁི་ལན་གྱི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བཏང་སྟེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་བཀག་སྡོམ་བྱེད་ཐབས་ལས་ཝུའུ་ཁི་ལན་གྱི་ཁེ་ལས་ཆུང་འབྲིང་དང་མི་སྒེར་ལ་བཟོས་པའི་གྱོང་གུད་ཁ་གསབ་བྱེད་པའི་ཐད་བཀོལ་རྒྱུ་ཐག་བཅད། དེ་ནི་རིམས་ནད་བྱུང་བའི་སྐབས་སུ་ཝུའུ་ཁི་ལན་སྲིད་གཞུང་གིས་ཐེངས་གཉིས་པར་ཁེ་ལས་ཆུང་འབྲིང་དང་མི་སྒེར་ལ་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱས་པ་རེད། 
        ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྲོས་ཁང་ནས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་རིམས་ནད་ཀྱི་ཁ་ཁར་བྱེད་ཐབས་ལས་དཔལ་འབྱོར་གྱོང་གུད་བཟོས་པའི་ཝུའུ་ཁི་ལན་གྱི་ཁེ་ལས་ཆུང་འབྲིང་དང་མི་སྒེར་ལ་དཔལ་འབྱོར་རོགས་སྐྱོར་བྱེད་པའི་བཅའ་ཁྲིམས་བཀའ་ཁྱབ་ལ་གྲོས་འཆམ་བྱུང་། བཅའ་ཁྲིམས་བཀའ་ཁྱབ་ལས་གཏན་འཁེལ་བྱས་དོན། ཁེ་ལས་ཆུང་འབྲིང་དང་མི་སྒེར་དེ་དག་གིས་ཐེངས་གཅིག་ཅན་གྱི་དཔལ་འབྱོར་རོགས་སྐྱོར་རེ་ཞུ་བྱས་ཆོག་པ་དང་། ཝུའུ་ཁི་ལན་སྲིད་གཞུང་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་མ་དངུལ་གཏོང་བའི་ཇུས་གཞི་དེར་ཆོག་མཆན་བཀོད་པ་རེད། 
        ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་བཅའ་ཁྲིམས་བཀའ་ཁྱབ་བཀོད་དེ། ཁེ་ལས་ཆུང་འབྲིང་དང་མི་སྒེར་ལ་སྤྱིའི་མ་དངུལ་ཝུའུ་ཁི་ལན་གྱི་སྒོར་མོ་ཐེར་ཆེན་གཅིག་ལ་བསླེབས་པའི་དཔལ་འབྱོར་རོགས་སྐྱོར་འདོན་སྤྲོད་བྱས་ནས། གྱོང་གུད་ཇེ་ཉུང་དུ་བཏང་སྟེ་ལས་ཞུགས་གཏན་འཇགས་ཡོང་བར་བྱས། རིམས་ནད་ཀྱི་སྐབས་སུ་ཝུའུ་ཁི་ལན་སྲིད་གཞུང་གིས་ད་རུང་ཁེ་ལས་ཆུང་འབྲིང་དང་མི་སྒེར་ལ་དཔྱ་ཁྲལ་ཉུང་བསྡུ་དང་གཟིགས་སྐྱོང་དངུལ་སྐྱིས་སོགས་སྲིད་ཇུས་འདོན་སྤྲོད་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1