རྔ་པའི་བཙན་ལྷ་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་གཡུ་ལོ་བུར་ཤིང་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-11


         ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སི་ཁྲོན་ཞིང་ཆེན་རྩི་ཤིང་འདུ་འགོད་ཞིབ་འཇུག་ཁང་དང་སྐུ་ལྷ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི“《སྐུ་ལྷ་རི་བོའི་རི་སྐྱེས་སྨན་འདུལ་རྩི་ཤིང》དཀར་ཆག་ཞིབ་འཇུག”གི་རྣམ་གྲངས་རྟོག་ཞིབ་ཁྲོད། ཚན་ཞིབ་མི་སྣས་ས་བབ་མཐོ་ཚད་སྨི་4600ཟིན་པའི་རི་མཐོའི་བྲག་སྲུབས་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རྩི་ཤིང་གཡུ་ལོ་བུར་ཤིང་རྙེད་པ་དང་། དེ་རྗེས་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཤན་ཁྲུན་གྱིས་གསལ་འབྱེད་བྱས་པ་བརྒྱུད་བུར་ཤིང་དེ་ནི་གཡུ་ལོ་བུར་ཤིང་ཡིན་པ་རེད།
        སྐུ་ལྷ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་བཙན་ལྷ་རྫོང་ཁོངས་སུ་ཡོད། རྣམ་གྲངས་ཀྱི་འགན་འཁུར་བ་སི་ཁྲོན་ཞིང་ཆེན་རྩི་ཤིང་འདུ་འགོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ལི་ཀྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་གོང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་བས་དམིགས་གཏན་འཁེལ་བའི་ས་ཁོངས་སུ་གཡུ་ལོ་བུར་ཤིང་དང་ཚོས་གཞི་འདྲ་བའི་རྩི་ཤིང་མཐོང་མྱོང་ཡོད་མོད། འོན་ཀྱང་བརྙན་པར་གྱི་དཔྱད་ཡིག་དང་དངོས་དཔེ་ལས་ར་སྤྲོད་བྱུང་མེད། ད་ཐེངས་དངོས་དཔེའི་ཐོག་ནས་སྐུ་ལྷ་རི་བོར་གཡུ་ལོ་བུར་ཤིང་ཁྱབ་ཚུལ་ར་སྤྲོད་བྱུང་བ་དེ་ནི་གཡུ་ལོ་བུར་ཤིང་དེ་བཙན་ལྷ་རྫོང་དུ་རྙེད་ཐེངས་དང་པོ་ཡིན་པ་རེད།
        གཡུ་ལོ་བུར་ཤིང་ནི་གྲང་ངར་བཟོད་ཤུགས་ཆེ་བ་དང་། འཁྱགས་རོམ་གཡས་གཡོན་དང་ཁ་བའི་མཚམས་ཐིག་ཉེ་འགྲམ་དུ་སྐྱེ་ཡི་ཡོད། དེས་ཨེ་ཤེ་ཡའི་རི་བོ་མཐོན་པོའམ་ཡང་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བུར་ཤིང་རྩི་ཤིང་གི་མ་ལག་འཕེལ་འགྱུར་དང་ཨེ་ཤེ་ཡ་ཤར་མའི་རྩི་ཤིང་གི་ས་ཁོངས་ལ་ཞིབ་འཇུག་བྱེད་པའི་ཐད་རིན་ཐང་ཆེན་པོ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1