མཚོ་བོད་ས་ཁུལ་དུ་ཨའེ་ཏི་ཁ་ལའི་སྐྱེ་དངོས་ཁྱུ་ཚོགས་ཀྱི་འགྱུར་རྡོ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-18


      ཚེས་16ཉིན་ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚན་ཞིབ་མི་སྣས་ཕྱི་རོལ་དུ་རྟོག་ཞིབ་བྱེད་སྐབས་མཚོ་བོད་ས་མཐོའི་ཚྭ་འདམ་གཤོངས་སར་དཔེ་མཚོན་གྱི་ཨའེ་ཏི་ཁ་ལའི་སྐྱེ་དངོས་འགྱུར་རྡོ་རྙེད་པ་དེ་ནི་ད་བར་མཚོ་བོད་ས་མཐོར་རྙེད་པའི་ཆེས་གནའ་བོའི་འགྱུར་རྡོའི་སྐྱེ་དངོས་ཁྱུ་ཚོགས་ཤིག་རེད།
    འབྲེལ་ཡོད་ཀྱི་འགྱུར་རྡོ་དང་འཁྱགས་རོམ་གྱི་དིམ་བསགས་ཐོག་ནས་ད་ཆ་ལོ་དུང་ཕྱུར་5.5གོང་གི་ཨེ་ཏི་ཁ་ལའི་དུས་རབས་ཀྱི་དུས་མཇུག་ཏུ་ཚྭ་འདམ་གཤོངས་སའི་དུམ་ལེབ་དེ་ཧྭ་པེ་དུམ་ལེབ་ཀྱི་ཉེ་འགྲམ་དུ་གནས་པ་མ་ཟད། དུས་སྐབས་དེར་དུམ་ལེབ་དེ་གཉིས་འཕྲེད་ཐིག་མཐོ་འབྲིང་ཁུལ་དུ་གནས་སྲིད་པ་ལས་དེ་སྔོན་ངོས་འཛིན་བྱས་པའི་འཕྲེད་ཐིག་དམའ་བའི་ས་ཁུལ་དུ་གནས་མེད་པ་གསལ་བཤད་ཐུབ་པ་རེད།
   འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་དེ་རྒྱལ་སྤྱིའི་གྲགས་ཅན་གྱི་ས་ཁམས་རིག་པའི་ཕྱོགས་བསྡུས་རང་བཞིན་གྱི་དུས་དེབ《ས་གཤིས་རིག་པའི》དྲ་ཐོག་ཏུ་སྤེལ་ཡོད་པ་རེད། ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཕང་ཁོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་རྙེད་པ་དེ་ནི་ཧུའུ་པེའི་འབྲི་ཆུའི་འགག་གསུམ་ས་ཁུལ་གྱི་རྗེས་སུ་ཀྲུང་གོར་རྙེད་པའི་ཨའེ་ཏི་ཁ་ལའི་སྐྱེ་དངོས་ཁྱུ་ཚོགས་ཀྱི་འགྱུར་རྡོའི་ཐོན་ཡུལ་གཉིས་པ་དེ་ཡིན་ལ་ད་བར་མཚོ་བོད་ས་མཐོར་རྙེད་པའི་ཆེས་གནའ་བོའི་འགྱུར་རྡོའི་སྐྱེ་དངོས་ཁྱུ་ཚོགས་ཤིག་ཀྱང་རེད།
    ཚན་རིག་ཞིབ་འཇུག་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཨའེ་ཏི་ཁ་ལའི་སྐྱེ་དངོས་ཀྱི་ཁྱུ་ཚོགས་དེ་ཨེ་ཏི་ཁ་ལའི་དུས་རབས་ཀྱི་དུས་མཇུག་ཏུ་འཚོ་བ་སྐྱེལ་གྱི་ཡོད་ཅིང་། དེ་ནི་ཧན་ཝུའུ་དུས་རབས་ཀྱི་ཚེ་སྲོག་ཐོལ་གྱིས་མ་ཐོན་གོང་གོ་ལ་ཧྲིལ་པོར་ཁྱབ་རྒྱ་ཆེས་ཆེ་བའི་རྙོག་འཛིང་ལྡན་པའི་སྐྱེ་དངོས་ཀྱི་ཁྱུ་ཚོགས་ཤིག་རེད།

    ཨེ་ཏི་ཁ་ལའི་སྐྱེ་དངོས་ཀྱི་ཁྱུ་ཚོགས་ཁོངས་སུ་རིགས་སྣ་ཚོགས་ཀྱི་གཟུགས་ཆེན་དང་མཉེན་གཟུགས་སྐྱེ་དངོས་འདུས་ཤིང་། དེ་དག་ནི་སྔ་དུས་ཀྱི་སྲོག་ཆགས་ཀྱི་འཕེལ་འགྱུར་ལ་གོ་བ་ལེན་པར་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། དེའི་འགྱུར་རྡོ་མི་འདྲ་བ་སྡེབ་སྒྲིག་བྱས་པའང་ཨེ་ཏི་ཁ་ལའི་དུས་རབས་ཀྱི་དུས་མཇུག་གི་ས་རིམ་དབྱེ་འབྱེད་དང་ཞིབ་བསྡུར་གྱི་མཚོན་རྟགས་ཡིན།


   2020ལོའི་ཟླ་7པར་ནན་ཅིང་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་སྔ་དུས་ཚེ་སྲོག་ཞིབ་འཇུག་ཚོགས་པས་པེ་ཅིང་སློབ་ཆེན་དང་ཁྲེང་ཏུའུ་རིག་ཚན་སློབ་ཆེན་གྱི་ཚན་ཞིབ་མི་སྣ་དང་མཉམ་ལས་བྱས་ནས་མཚོ་བོད་ས་མཐོའི་ཚྭ་འདམ་གཤོངས་སའི་ཕྱི་རོལ་དུ་ཚན་རིག་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ནང་ཚྭ་འདམ་དུམ་ལེབ་ཀྱི་བྱང་མཐའ་ཡིན་པའི་ཆོན་ཅི་རི་བོའི་ས་ཁུལ་དུ་དཔེ་མཚོན་གྱི་ཨའེ་ཏེ་ཁ་ལའི་སྐྱེ་དངོས་ཁྱུ་ཚོགས་ཀྱི་འགྱུར་རྡོ་ཐོག་མར་རྙེད་ཡོད་པ་རེད།
   ཕང་ཁོ་ཡིས་ཆ་ཉི་འབུ་དང་ཧྲའན་ཞིའི་རྗེས་ཤུལ་དེ་ཀུའུ་ཅེ་རི་བོའི་ཚོགས་ཆུང་དུ་མཉམ་དུ་ཐོན་པ་དེའི་ཐོག་ནས་ཀུའུ་ཅེ་ཧྲན་རི་བོའི་ཚོགས་ཆུང་གི་དིམ་བསགས་དུས་རབས་ནི་ད་བར་ལོ་དུང་ཕྱུར་5.5ནས་ལོ་དུང་ཕྱུར་5.39ཡི་གོང་ཡིན་སྲིད་ཅེས་ངོ་སྤྲོད་བྱས་པ་རེད།

    ཚན་ཞིབ་མི་སྣས་ཚོད་དཔག་བྱས་པར་གཞིགས་ན། ཨེ་ཏེ་ཁ་ལའི་དུས་རབས་ཀྱི་དུས་མཇུག་ཏུ་ཚྭ་འདམ་དུམ་ལེབ་ནི་ཧྭ་པེའི་དིམ་ལེབ་ཀྱི་ཉེ་འགྲམ་དུ་གནས་སྲིད། གང་ལགས་ཤེ་ན། དེ་ཚོའི་ས་རིམ་གྱི་བང་རིམ་དང་འགྱུར་རྡོའི་ཐོན་ཚད་ཧ་ཅང་འདྲ་པོ་ཡོད་པས་རེད། ཆོན་ཅི་ཧྲན་ས་ཁུལ་གྱི་ཡོན་ཀུའུ་ཀྲོའུ་ས་རིམ་གྱི་ཕྱོགས་བསྡུས་དབྱེ་ཞིབ་དང་བསྡུར་བ་བྱས་ནས། ཚྭ་འདམ་དུམ་ལེབ་དང་ཧྭ་བྱང་དུམ་ལེབ་དེ་ཧན་ཝུའུ་དུས་རབས་སྔོན་མའི་དུས་མཇུག་གི་གནའ་བོའི་ས་ཁམས་བར་གྱི་འབྲེལ་བ་དང་སྐབས་དེའི་གོ་ལ་ཧྲིལ་པོའི་གནའ་བོའི་ས་ཁམས་ཆགས་སྟངས་ལ་དཔྱད་བསྡུར་བྱེད་པར་བདེན་དཔང་གལ་ཆེན་འདོན་སྤྲོད་བྱས་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1